7862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནམ་བསྐོས་དགོན་ (1)
Part of speech མིང་ཚིག
Definition གནམ་བསྐོས་ཞེས་པའི་ཡུལ་སྡེའི་སྟོད་དུ་བཏབ་ཡོད། གནམ་བསྐོས་ཞེས་མིང་བཏགས་དོན་ནི། ངག་སྒྲོས་སུ་དགོན་འདིའི་བླ་རབས་གསུམ་གནམ་བསྐོས་གོང་མ་ཚང་གི་དབུ་བླར་ཕེབས་ནས་བླ་རབས་རིམ་བྱོན་དུ་རྒྱ་བླ་དང་། གོང་མས་ཆེ་བརྗོད་ཀྱིས་དགོན་པར་གནམ་བསྐོས་ཞེས་པའི་མཚན་གསོལ། བཤད་སྒྲོས་སུ་དགོན་འདིའི་ཕྱག་འདེབས་པ་པོ་ནི་རྒྱ་བླ་དགེ་ལེགས་རང་གྲོལ་ཞེས་པ་དེ་ཡིན། བཏབ་པའི་དུས་ཚོད་མ་ངེས། སྔར་རྗེས་སུ་བླ་རབས་བཅུ་གསུམ་གྱིས་བསྐྱངས། དུས་འགྱུར་མ་བྱུང་གོང་དུ། དགོན་འདིར་འདུ་ཁང་དང་ལྷ་མང་དུ་ཡོད། དེ་རྣམས་ཀྱི་ནང་རྟེན་གཙོ་བོ་ཇོ་བོ་ནམ་མཁའ་བཀྲ་ཤིས། ཇོ་བོ་གསུང་གྲགས་མ། སྒྲོལ་མ་ལྕགས་སྒྲོལ་མ། ཇོ་བོ་འཇའ་གཟུགས་མ་སོགས་སྐུ་འདྲ་རིན་ཐང་བྲལ་བ་ཆེས་རྙིང་པའི་རིགས་བརྒྱ་ཕྲག་ཁ་ཤས་དང་། ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེའི་ཕྱག་རྒྱ་ཡོད་པའི་ཞལ་ཐང་། གསུང་རྟེན་དུ་རྒྱལ་བའི་བསྟན་འགྱུར་དང་། རྙིང་མའི་གསུང་འབུམ་ཁག རྡོར་བྲག་གི་རིང་ལུགས་འཛིན་པའི་གདན་ས་འདིར་ཕྱིས་སུ་སྨིན་གྲོལ་གླིང་པའི་བཀའ་ལུང་ཡང་རྒྱས་པར་དར། དགོན་པའི་སྒྲུབ་མཆོད་གཙོ་བོ་ནི་ཚེས་བཅུ་འཆམ་དང་བཅས་པ་ཞག་བདུན་སོགས་ཡོད། དགོན་ལག་ནི་ཐང་ཡོན་དགོན། དཔལ་དུས་མགོ་དགོན། ཤྭ་བ་རི་ཁྲོད། སྒོར་བུ་ཀམ་མདའ་དགོན་སོགས་ཡོད། དུས་འགྱུར་སྐབས་རྟེན་དང་བརྟེན་པ་ཐམས་ཅད་མིང་གི་ལྷག་མར་གྱུར། དེང་སང་སྔར་གྱི་དགོན་ས་དང་ཉེར་བར་འདུ་ཁང་གསར་བཞེངས་བྱེད་བཞིན་ཡོད།