From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྙོག་པ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ་ལས་བྱུང་བ་སྟེ། སེམས་ཅན་གྱི་རྙོག་པ། ལྟ་བའི་རྙོག་པ། ཚེའི་རྙོག་པ། ཉོན་མོངས་པའི་རྙོག་པ། བསྐལ་པའི་རྙོག་པའོ། །
|
| Domain
|
ཆོས་ལུགས།
|
རྙོག་པ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་གཙུག་ཏོར་དཔལ་བར་འགྲོ་བ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ དུས་ཀྱི་རྙོག་པ་ནི། ཁྱོད་ནམ་མཁའ་སྟོང་པ་ཕྱོགས་བཅུར་ཁྱབ་པ་ལ་བལྟས་ན། སྟོང་པའི་སྣང་བ་འབྱེད་པར་མི་ནུས་སོ། །སྟོང་པ་ལ་ལུས་མེད། སྣང་བ་ཤེས་པ་མེད། ཕན་ཚུན་འདྲེས་ནས་རྫུན་པར་སྐྱེས་པའོ། ། ༢ ལྟ་བའི་རྙོག་པ་ནི། ཁྱོད་ཀྱི་ལུས་ད་ལྟ་འབྱུང་བ་ཆེན་པོ་བཞི་འདུས་ནས་ལུས་སུ་གྱུར་ཏོ། །མཐོང་བ་དང་ཐོས་པ་དང་ཚོར་བ་དང་ཤེས་པ་རྣམས་ལས་སྣ་ཚོགས་ཀྱི་དབང་གིས་ཁྱོད་ལ་བཀག་ཅིང་སྒྲིབ་ན་ས་ཆུ་མེ་རླུང་རྣམས་ཀྱིས་གློ་བུར་གློ་བུར་དུ་ཁྱོད་ཀྱི་ཤེས་རིག་དེ་ཕན་ཚུན་འདྲེས་ནས་རྫུན་པར་སྐྱེས་པའོ། ། ༣ ཉོན་མོངས་པའི་རྙོག་པ་ནི། ཡང་ཁྱོད་ཀྱི་སེམས་ཀྱི་འཛིན་པ་དང་ཤེས་པ་དང་སྨྲ་བ་དང་སློབ་པ་ནི། ཤེས་རིག་གི་རང་བཞིན་ལས་བྱུང་ངོ་། །རྣམ་པ་ནི། ཡུལ་རྣམ་པ་དྲུག་ལ་གསལ་ལོ། །ཡུལ་དང་བྲལ་ན་གཟུགས་མེད། ཚོར་བ་དང་བྲལ་ན་རང་བཞིན་མེད། ཕན་ཚུན་འདྲེས་ནས་རྫུན་པར་སྐྱེས་པའོ། ། ༤ སེམས་ཅན་གྱི་རྙོག་པ་ནི། ཡང་ཁྱོད་ཀྱི་སྔ་དྲོ་ཕྱི་དྲོ་སྐྱེ་འགག་རྒྱུན་མི་འཆད་པ་དང་། ཤེས་པ་དང་། ནུས་པ་ནི། འཇིག་རྟེན་དུ་བཞག་ཅེས་སྨྲ་བ་ལ། ལས་ཀྱི་དབང་གིས་རྒྱུན་དུ་དེ་དང་དེ་དག་ཏུ་རིམ་གྱིས་འཕོ་བཞིན་དུ་ཕན་ཚུན་དུ་འདྲེས་ནས་རྫུན་པར་སྐྱེས་པའོ། ། ༥ ཚེའི་རྙོག་པ་ནི། ཁྱེད་ཅག་གིས་མཐོང་བ་དང་ཐོས་པ་དག་གདོད་མ་ནས་རང་བཞིན་མེད། ཡུལ་ཐམས་ཅད་ལ་སྒྲིབ་ཅིང་བརྒལ་ནས་རྒྱ་མེད་པར་ཐ་དད་དུ་སྐྱེས་སོ། །རང་བཞིན་གྱི་ནང་དུ་ཕན་ཚུན་དུ་ཤེས་ལ་ལོངས་སྤྱོད་པའི་ཚེ་ཕན་ཚུན་འགལ་ལོ། །འདྲ་བ་དང་འདྲ་བ་མ་ཡིན་པའི་མཚན་ཉིད་མ་ཚང་ཞིང་ཕན་ཚུན་འདྲེས་ནས་རྫུན་པར་སྐྱེས་པའོ། །
|