78643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟ་ (1)
Part of speech མིང་ཚིག
Definition རྔོག་མ་དང་རྔ་རྩིད་རིང་བ། སྤུ་མདོག་སྣ་ཚོགས་ཡོད་པ། མགྱོགས་འགྲོས་དང་ལྡན་པའི་བཞོན་པ་ཞིག
Keyword True
Example རྟ་བཞོན་ནས་ལབ་ཙེ་བསྟོད་དུ་འགྲོ་ཞེས་པ་ལྟ་བུ།
རྟ་ (2)
Part of speech མིང་ཚིག
Definition གླུ་དབྱངས་ཀྱི་སྐད་གདངས།
Example དབྱངས་རྟ་སྙན་མོ་ཞེས་པ་ལྟ་བུ།
རྟ་ (3)
Part of speech མིང་ཚིག
Definition སྨན་འཐུང་བྱེད་ཆུ་ཁོལ་དང་ཤ་ཁུ་ཆང་སོགས།
Example སྨན་རྟ་ཆང་ལ་བྱེད་ཅེས་པ་ལྟ་བུ།
རྟ་ (4)
Part of speech མིང་ཚིག
Definition རྫས་གཞན་པ་ལ་མེ་སྒོ་བྱེད་ཀྱི་ཉེར་སྤྱད་ཐ་གུ་ཕྲ་མོ།
Example འགས་སྨན་གྱི་མེ་རྟ་ལ་མེ་སྒྲོན་ཞེས་པ་ལྟ་བུ།
རྟ་ (5)
Part of speech མིང་ཚིག
Definition ལོ་འཁོར་བཅུ་གཉིས་ཀྱི་ནང་གི་བདུན་པ།
Example ངའི་ལོ་རེས་རྟ་ཡིན་ཞེས་པ་ལྟ་བུ།
རྟ་ (6)
Part of speech མིང་ཚིག
Definition དོར་མའི་རྟ་སྟེ། རྐང་སྣམ་གྱི་འདོམས།
རྟ་ (7)
Part of speech མིང་ཚིག
Definition གྲངས་ཀ་བདུན་ཏེ། རླུང་དང་། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་འཇོམས་བཅས་ཉི་མའི་ཤིང་རྟ་འདྲེན་པའི་རྟ་བདུན་ཡོད་པས་ནའོ། །
Type མངོན་བརྗོད།