78659
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་གདོང་མེ་སྟེ། དེ་ཡང་སྔོན་དྲང་སྲོང་ཨུརྦ་ཞེས་བྱ་བ་ཞིག་ཡོད་པ་དེས་མངལ་ནས་མ་སྐྱེས་པའི་བུ་ཞིག་འདོད་ནས་རང་གི་བྲང་ལ་བསྲུབས་པས། དྲོད་འབར་ནས་མེའི་རང་བཞིན་ཅན་གྱི་བུ་ཞིག་སྐྱེས་པ་འཛམ་གླིང་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་དུ་རྒོད་མའི་གཟུགས་ཀྱི་རི་བོའི་ཚུལ་དུ་གནས་པས། རི་དེ་ལས་བྱུང་བའི་མེ་ཤུགས་ཀྱིས་རྒྱ་མཚོའི་ཆུ་ཕལ་ཆེར་སྐེམ་པར་བྱེད་པས་ན། རི་དེ་ལ་བྲང་སྐྱེས་དང་། རྒོད་མ་ཁ། རྟ་གདོང་རི། རྒྱ་མཚོ་འཐུང་ཞེས་པའི་མིང་ཐོབ་པར་གྲགས། |