78667

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟ་གསར་དགོན་ (1)
Part of speech མིང་ཚིག
Definition ཁམས་སྟོད་ནང་ཆེན་གྱི་ས་སྐྱ་བའི་རིང་ལུགས་འཛིན་པའི་དགོན་སྡེ་ཞིག་སྟེ། ད་ལྟའི་བར་ཕུར་བླ་སྐུ་ཕྲེང་གཉིས་དང་། ཚོགས་ལམ་སྐུ་ཕྲེང་བཞི། རྣམ་སྲས་སྐུ་ཕྲེང་གཉིས་སོགས་བླ་རབས་དགུ་ཙམ་གྱིས་གདན་ས་འདི་བསྐྱངས་ཤིང་། སྔར་སོ་རག་དགོན་ནམ་བྱང་ཆུ་དམར་དགོན་ནས་གདན་དྲངས་པའི་དཀའ་འགྱུར་དངུལ་བྲིས་མ་ཙནྡན་གྱི་གླེགས་ཤིང་ཅན་སོགས་ཡོད་ཀྱང་དུས་ཟིང་སྐབས་རྩ་བརླག་ཏུ་ཕྱིན། ད་བཞུགས་ནང་རྟེན་གཙོ་བོར་མགོན་པོའི་ཐང་ག་ལོ་བརྒྱ་ཕྲག་དགུ་ལྷག་གི་ལོ་རྒྱུས་ཅན་དང་། སྲུང་མ་གུར་གྱི་མགོན་པོའི་ཞལ་འབག་གསེར་འབག་ནག་པོ་འཕུར་ཤེས། མགོན་པོའི་བླ་རྡོ་ཆེ་ཆུང་གཉིས་རྣམས་བཞུགས།