7868
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་སའི་ནུབ་ངོས་ཀྱི་འདམ་གཞུང་དང་དཔལ་མགོན་གཉིས་ཀྱི་མཚམས་སུ་ཡོད་པའི་མཚོ་ཞིག་གི་མིང་སྟེ། སོག་པོའི་སྐད་དུ་མཚོ་འདིའི་མིང་ལ་ཐང་གེ་རི་ནོའུར་ཟེར་བར་གྲགས། འདི་ནི་བོད་ལ་ཡོངས་སུ་གྲགས་པའི་མཚོ་ཆེན་བཞིའི་གྲས་ཡིན་ཤིང་། མིང་གཞན་གནམ་མཚོ་ཕྱུག་མོ་ཡང་ཟེར། འབོ་ཆུ་སོགས་མཚོ་འདིའི་ནང་དུ་འབབ་ཀྱི་ཡོད་ཅིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་སྟོང་དགུ་བརྒྱ་གོ་གསུམ་ཡོད། བོད་དབུས་ཀྱི་མཚོ་ཆེ་ཤོས་འདི་ཡིན། རྟ་ཞོན་ནས་དལ་བགྲོས་ཀྱི་མཚོ་ལ་སྐོར་བ་ཕྱིན་ན་ཉིན་བཅུ་གཅིག་ལ་འཁོར་ཟེར་སྲོལ་ཡོད། བོད་ཀྱི་ཚྭ་ཡི་ཐོན་ཁུངས་མཐོ་ཤོས་གྲས་ཀྱི་མཚོ་ཞིག་ཡིན་པ་དང༌། མཚོའི་དབྱིབས་ནི་མཚོ་འགོ་ནུབ་ཕྱོགས་སུ་ཡོད་པ་དེ་རྒྱ་ཆེ་ཞིང༌། མཚོ་མཇུག་ཤར་ཕྱོགས་སུ་ཡོད་པ་ནི་རྒྱ་ཆུང་བ་ཐུར་མའི་དབྱིབས་དང་འདྲ་བ་ཞིག་ཡིན། |