78697

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟ་དབོན་རྒྱལ་མཚན་སེང་གེ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༣༦ པ་དང་དགའ་ཁྲི་ ༥༣པ་རྟ་དབོན་རྒྱལ་མཚན་སེང་གེ་ནི། ཕྱི་ལོ་༡༦༧༨ ས་ཕོ་རྟའི་ལོར་ཨ་མདོ་བསམ་ཚར་འཁྲུངས། རྟ་དབོན་ཚུལ་ཁྲིམས་སེང་གེ་ལས་རབ་ཏུ་བྱུང་། དགུང་གྲངས་༢༧ ཕེབས་པ་ལ་དབུས་སུ་འབྲས་སྒོ་མང་ཆོས་གྲྭ་ཀུན་མཁྱེན་མཆོག་གི་དྲུང་ནས་མདོ་རྒྱུད་མན་ངག་གཞུང་ལུགས་དུ་མ་གསན། པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་དང་བསྙེན་པར་རྫོགས། དགུང་གྲངས་ ༣༩ ཕེབས་པ་སྨོན་ལམ་གྲྭ་སྐོར་མཛད། རིམ་པས་རྒྱུད་ལ་ཞུགས་ནས་སྔགས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་གྲངས་ ༤༩ ཕེབས་པ་བླ་མ་དབུ་མཛད་དང་། རྒྱུད་ཁྲིར་ཕེབས་ཏེ་འཆད་ཉན་སོགས་ལེགས་པར་བསྐྱངས། དགུང་གྲངས་ ༥༥ ཕྱི་ལོ་ ༡༧༣༢ ཆུ་ཕོ་བྱི་བའི་ལོར་གསེར་ཁྲིར་ཕེབས་ནས་ལོ་ཡུན་བདུན་བསྐྱངས། གསུང་རྩོམ་ཡང་གསང་འདུས་རྩ་རྒྱུད་ལེའུ་ལྔ་པ་ཡན་གྱི་འགྲེལ་པ་སོགས་གནང་། ཕྱི་ལོ་༡༧༥༦ མེ་བྱི་ལོར་ཞི་དབྱིངས་སུ་གཤེགས་ཚུལ་བསྟན།