78706

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟ་ནག་གི་ལས་མཐའ་ཕུང་གཏད་ཧུར་ཐུམ་ནག་པོ་ (1)
Part of speech མིང་ཚིག
Definition རྟ་ནག་གི་ལས་མཐའ་ཕུང་གཏད་ཧུར་ཐུམ་ནག་པོ་ཤིན་ཏུ་ཟབ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཀྱེ་མ་བྱང་ཤར་འཇིག་རྟེན་བརྩེགས་པའི་དུར་ཁྲོད་དུ༔ ཕུང་བྱེད་ཤཱནྟིཾགརྦྷའི་མན་ངག་འདི༔ པདྨ་བདག་གིས་བོད་དུ་སྣང་བར་བྱས༔ ད་ལྟ་མི་སྤེལ་གནམ་སྐས་བྲག་ལ་སྦས༔ ཕྱི་མའི་དུས་ན་སྐྱེས་བུ་བློ་སྟོབས་ཅན༔ བུ་དང་ཕྲད་ནས་བསྟན་པའི་སྲུང་མར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། རྫས་བསགས་ཤིང་ལིངྒ་བྲི་བ་དང། སྔགས་དང་ལག་ལེན་སྟོན་པ། ཇི་ལྟར་གཏད་ཅིང་རྫས་ཀྱི་ལག་ལེན་བསྟན་པ་སྟེ་གསུམ་གྱི་སྒོ་ནས་རྟ་ནག་ཕུང་གཏད་ཧུར་ཐུམ་ནག་པོའི་ལས་ཚོགས་ཇི་ལྟར་བྱ་ཚུལ་བསྟན་ནོ། །

{{#arraymap:རྟ་ནག་གི་ལས་མཐའ་ཕུང་གཏད་ཧུར་ཐུམ་ནག་པོ་

|; |@@@ | | }}