78751
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྟ་མགྲིན་ནག་པོ་ལྕགས་རལ་གྱི་དབང་དང་སྒྲུབ་སྐོར་ལས་ཚོགས་དང་བཅས་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་ནི་པདྨ་འབྱུང་གནས་ཞེས༔ རྟ་མགྲིན་དངོས་པོ་ཡིན་པའི་ཕྱིར༔ དེ་ཉིད་ནག་པོའི་སྒྲུབ་པ་བསྟན༔ ཞེས་དང་། མཇུག་ཏུ། ཨཱཙཱརྻ་ཡེ་ཤེས་བཀའ་ཡི་ཡི་གེ་མཁན༔ བསེ་སྒྲོམ་དམར་པོ་སྣོད་ཀྱི་ནང་དུ་སྦས༔ གནམ་སྐས་བྲག་ལ་ཐུགས་ཀྱི་གསང་གཏེར་སྦས༔ ཞེས་པ་བཞིན། ཨོ་རྒྱན་ཆེན་པོས་གསུངས་ཤིང་སློབ་དཔོན་ཡེ་ཤེས་ཀྱིས་ཡི་གེར་བཀོད་པ་ཉིད། གཏེར་ཆེན་རཏྣ་གླིང་པས་རྟ་ལོ་ཁྱི་ཟླའི་ཚེ་གཅིག་གི་སྔ་དྲོར་གནམ་སྐས་བྲག་ནས་ཁྲོམ་གཏེར་དུ་གདན་དྲངས། འདིའི་ནང་དོན་ལ། དང་པོ་རྫས་བསག་པ་དང། བར་དུ་བསྒྲུབ་པ། ཐ་མར་ལས་སྦྱོར་བསྟན་པ་གསུམ་གྱིས་སྒོ་ནས་རྟ་མགྲིན་ནག་པོའི་དབང་སྒྲུབ་ཀྱི་སྐོར་བསྟན། |
{{#arraymap:རྟ་མགྲིན་ནག་པོ་ལྕགས་རལ་གྱི་དབང་
|; |@@@ | | }}