78752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟ་མགྲིན་ནག་པོའི་དབང་མཆོག་དྲེགས་པ་སྲོག་གི་རྒྱ་ཅན་ (1)
Part of speech མིང་ཚིག
Definition རྙིང་མ། རྟ་མགྲིན་ནག་པོའི་དབང་མཆོག་དྲེགས་པ་སྲོག་གི་རྒྱ་ཅན། ཞེས་བྱ་བ་སྟེ། གཏེར་གཞུང་ལས། གུ་རུའི་གསུང་བཞིན་བདག་འདྲ་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་ལ་ཡག་མོན་མཁར་སྟེང་གི་ཕ་བོང་གཡུ་སྒྲོམ་གྱི་ཤར་དུ་ཡི་གེར་བྲིས་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོ་རྟ་ཡི་ཟླ་བའི་ཚེས་གཅིག་ལ་ལྷོ་བྲག་གནམ་སྐས་ཅན་ནས་ཁྲོམ་གཏེར་དུ་གདན་དྲངས། འདིའི་ནང་དོན་ལ། སྣོད་ལྡན་གྱི་སློབ་མ་ལ་རྟ་མགྲིན་ནག་པོ་ཡང་གསང་བླ་ན་མེད་པའི་དབང་ཇི་ལྟར་བསྐུར་བའི་རིམ་པ་བསྟན་ནོ། །

{{#arraymap:རྟ་མགྲིན་ནག་པོའི་དབང་མཆོག་དྲེགས་པ་སྲོག་གི་རྒྱ་ཅན་

|; |@@@ | | }}