78819

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟ་ཡི་འགྲོས་དགུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྟ་ཡི་འགྲོས་དགུ་ནི། སྒྲུབ་པ་བཀའ་བརྒྱད་ལས། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་བསྟན་པའི་སྐབས། སོར་བཞག་ལྷ་མིའི་ཐེག་པ་ནས་རྫོགས་ཆེན་ཨ་ཏི་ཡོ་གའི་བར་ཐེག་པ་རིམ་པ་དགུ་པོ་མཚོན་བྱེད་ཀྱི་དཔེ་རུ་དྲངས་པའི་རྟ་ཡི་འགྲོས་དགུ་སྟེ། བཀའ་བརྒྱད་རྣམ་བཤད་ལས། རྟ་ཡི་འགྲོས་དགུ་དཔེར་བྱས་ནས་ཐེག་པ་དགུ་མཚོན་པ་སྟེ། འཇིག་རྟེན་ན་རྟ་ལ་འགྲོས་ཚུལ་དགུ་ཡོད་པ་ནི། སུམ་ལག་སྒྲོག་གི་འགྲོས། སྡོམ་པ་ལྕགས་ཀྱི་འགྲོས། ཕོ་ཉ་སྲུན་གྱི་འགྲོས། མཚམས་ལེགས་གཟེངས་ཀྱི་འགྲོས། གོམ་བུ་ཉོལ་གྱི་འགྲོས། སྤྱང་མོ་འདུར་གྱི་འགྲོས། རོལ་མོ་སྟབས་ཀྱི་འགྲོས། འཇོལ་མོ་དཀྱུས་ཀྱི་འགྲོས། དཀྱུས་ཚང་བའི་འགྲོས་དང་དགུའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྟ་ཡི་འགྲོས་དགུ་

|; |@@@ | | }}