7883
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྩི་བྱ་དག་གི་རྩིས་བྱེད་དུས་ཀྱི་ལོག་མེན་ལོ་ནས་ཡར་ལུགས་ལྡོག་ཏུ་བགྲངས་པའི་བརྒྱད་པ་ལ་ཟེར་ཞིང་། ཀེག་རྩིས་སྐབས་སུ་དེའི་དབང་ཁམས་ནི་བརྩི་བྱ་དེ་ཉིད་ཀྱི་རང་ལོའི་དབང་ཁམས་ནི་འཐབ་ཡུལ་ཡིན། དེར་བབས་ཞེས་པ་འགོ་ལྷ་འབྲོས་དུས་ཡིན་པས། བཅོས་སུ་བསངས་དང་དགྲ་ལྷ་མཆོད་དགོས། གལ་སྲིད་བརྩི་བྱར་བབས་པའི་ལོག་མེན་ལོ་ས་ལུག་ཡིན་པར་ཆ་བཞག་ན། དེ་གཅིག་བྱས་ནས་ཡར་ལུགས་ལྡོག་ཏུ་བགྲངས་པའི་གཉིས་པ་ས་རྟ་དང་། གསུམ་པ་མེ་སྦྲུལ། བཞི་པ་མེ་འབྲུག ལྔ་པ་ཤིང་ཡོས། དྲུག་པ་ཤིང་སྟག བདུན་པ་ཆུ་གླང་། བརྒྱད་པ་ཆུ་བྱི་བཅས་ཡིན་པས། ལོ་དེའི་གནམ་རྒྱང་ཆུ་བྱི་དང་། རང་ལོའི་དབང་ཁམས་ཀྱི་འཐབ་ཡུལ་ནི་ཆུ་ཕོ་བྱི་བའི་དབང་ཁམས་ཆུ་ཡིན་པ་ལྟ་བུ་ཡིན། |
| Domain | རྩིས་རིག |