From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྟ་རྨིག་ (1)
| Part of speech
|
མིང་ཚིག
|
| Definition
|
རྟ་ཡི་སུག་བཞིའི་སྣེ་མོའི་རུས་པ་ཟླུམ་པོ།
|
རྟ་རྨིག་ (2)
| Part of speech
|
མིང་ཚིག
|
| Definition
|
ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་དངོས་ཤིག་སྟེ། སྡོང་པོ་ཡལ་ག་སོགས་པར་ལོ་མ་ཆིག་སྐྱེས་ས་ནས་མ་འཕགས་པ་ལྕམ་ལོ་དང་ཧ་ལམ་འདྲ་ཞིང་རྐང་འབུས་ཙམ་ནས་མེ་ཏོག་སེར་པོ་རྟ་རྨིག་གི་དབྱིབས་ཅན་ཤར་བའོ། །རྟ་རྨིག་བྲག་གི་རྩ་བར་སྐྱེ། ལོམ་ཉི་དགའི་ལོ་མ་དང་། མེ་ཏོག་རྟ་ཡི་རྨིག་པ་འདྲ། ས་ལས་མ་འཕགས་གཅིག་སྐྱེས་ཀྱི། རྩ་ཡི་སྒོ་རྣམས་འགེག་པར་བྱེད། ཞེས་པ་ལྟར། རོ་ཁ། ཞུ་རྗེས་བསིལ། ནུས་པས་རྨ་གསོ། རྩའི་སྒོ་འགེགས།
|