78877
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རྟ་སྐད་ཀྱི་ཡོན་ཏན་བཅུ་གསུམ་ནི། སྒྲུབ་པ་བཀའ་བརྒྱད་ལས། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་བསྟན་པའི་སྐབས། ས་དང་པོ་རབ་ཏུ་དགའ་བ་ནས་བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་བར་ས་བཅུ་གསུམ་པོ་དང་སྦྱར་ཏེ་དཔལ་རྟ་མགྲིན་གྱི་ཆེ་བའི་ཡོན་ཏན་བཅུ་གསུམ་མཚོན་བྱེད་ཀྱི་དཔེ་རུ་དྲངས་པའི་རྟ་སྐད་ཀྱི་ཡོན་ཏན་བཅུ་གསུམ་སྟེ། བཀའ་བརྒྱད་རྣམ་བཤད་ལས། གཉིས་པ་ལམ་ལ་སྦྱར་བའི་རྟ་སྐད་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཉིད་ཁྲོ་བོའི་སྐབས་ན་དཔལ་རྟ་མགྲིན་ཞེས་བྱ་སྟེ། མ་ཆགས་པདྨའི་རིགས་སུ་སྣང་བའི་ཁྲོ་བོ་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོ་འདི་ནི་ཡེ་ཤེས་དང་ལས་དང་འཇིག་རྟེན་ཀྱི་གཙོ་བོ་དམ་པ་ཐམས་ཅད་ཟིལ་གྱིས་གནོན་པའི་རྗེ་བཙན་བླ་ན་མེད་པ་ཡིན་པས་ལྷག་པའི་ལྷ་གཞན་ལས་ཀྱང་ཐུགས་རྗེ་བྱིན་རླབས་མྱུར་བའི་ཆེ་བ་རྟ་ཡི་སྐད་ལ་ཡོན་ཏན་བཅུ་གསུམ་ཡོད་པའི་ལྡོག་ཆས་མཚོན་པ་སྟེ། ཇི་ལྟར་ན། རྟ་ཡི་སྐད་སྙན་པ་དང༌། འཇམ་པ་དང༌། གཏང་བ་དང༌། གསང་བ་དང༌། རིང་བ་དང༌། ཡིད་དུ་འོང་བ་དང༌། འབྲེལ་བ་དང༌། བར་མ་ཆད་པ་དང༌། ཟིལ་ཆེ་བ་དང༌། རྩལ་ཆེ་བ་དང༌། གདངས་ཆེ་བ་དང༌། ངར་ཆེ་བ་དང༌། ཕུལ་དུ་ཕྱིན་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |