7888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནམ་རི་སྲོང་བཙན་ (1)
Part of speech མིང་ཚིག
Definition སློན་བཙན་རླུང་ནམ་ཡོངས་གྲགས་གནམ་རི་སྲོང་བཙན་ནི། ཡབ་སྟག་བུ་སྙ་གཟིགས་དང་བཙུན་མོ་འོལ་གོད་བཟའ་སྟོན་རྩུན་འབྲོ་ག་གཉིས་ཀྱི་སྲས་སུ་ཤིང་བྱི་ཕྱི་ལོ་ ༥༤༤ ལ་འཁྲུངས། ཆབ་སྲིད་ལོ་དུ་བཟུང་མི་གསལ། བཙུན་མོ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཁབ་ཏུ་བསུས་པའི་སྲས། སྲོང་བཙན་སྒམ་པོ་དང་དེའི་གཅུང་པོ་འོལ་གོད་ཚ་སློན་གེར་ལེགས་བྱ་བ་ཐང་མཚམས་སུ་ཕབ། ལོ་རྒྱུས་ལ་ལར་གཅུང་བཙན་སྲོང་ཐང་མཚམས་སུ་ཕབ་ཅེས་བཤད། སྲས་མོ་སད་མ་དཀར་ཞང་ཞུང་རྒྱལ་པོར་བཙུན་མོར་བྱིན། ཞང་མང་པོ་རྗེ་ཞང་སྣང་དང༌། མགར་མང་ཞམ་སུམ་སྣང་དང་ཁུ་ཁྲི་སྙ་དགུ་ཟུང་གིས་བྱས། བཙན་པོ་ཁོང་ལ་མཛད་རྗེས་ཆེན་པོ་གསུམ་ཡོད། ༡ རྒྱ་ནག་ནས་སྨན་དང་རྩིས་བླངས། ༢ རང་ཡུལ་ནས་ཚྭ་བླངས། ༣ ཟིང་པོ་རྗེའི་མངའ་ཁོངས་དང་བཅས་པ་དབང་བསྒྱུར། དབས་དབྱི་ཚབ་དང་ཚེས་པོང་ནག་སེང་གཉིས་ཀྱིས་བཙན་པོ་གདན་དྲངས། ཕག་གི་ཡུང་སྣ་མན་ཆད། ཀོང་པོ་བྲེས་སྣ་ཡན་ཆད་བཙན་པོས་མགོ་བླངས། ཟིང་པོ་རྗེའི་ཆབ་སྲིད་སྤུ་རྒྱལ་ལ་དབང་བར་བྱས། བཙན་པོར་བློ་དཀར་བའི་མི་ཆེན་མྱང་དང་དབས། གནོན། ཚེས་པོང་རྣམས་ལ་བྲན་གཡོག་དུད་ཁྱིམ་མང་པོ་བྱ་དགའ་རུ་གནང༌། འཕན་པོ་དང༌། མྱང་ཡུལ། གཙང༌། དྭགས་པོ་བཅས་བོད་ཀྱི་མངའ་འབངས་སུ་བཀུག་སྟེ་དམག་དཔོན་བསྐོ་བཞག་མཛད། དབུས་གཙང་ཕལ་ཆེར་ཆབ་འོག་ཏུ་བཅུག་ཅིང༌། བཙན་པོའི་བསྐྱངས་པའི་ཆབ་སྲིད་གནམ་ལས་མཐོ། དབུ་རྨོག་རི་ལས་བཙན་ཞེས་པ་ལ། གནམ་རི་སྲོང་བཙན་ཞེས་མཚན་གསོལ་བར་གྲགས་ཀྱང༌། བཙན་པོའི་མངའ་འབངས་རྣམས་དུས་ཡུན་རིང་པོ་ནས་ཆབ་འོག་ཏུ་གནས་པ་ཞིག་མིན་ཅིང༌། བཞུགས་གནས་ཡར་ཀླུང་གཙང་པོའི་བྱང་ཕྱོགས་སུ་སྤོས་ཏེ། མལ་གྲོའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་བཞེངས་པ་དང༌། རྒྱལ་ཁབ་སྲ་བརྟན་དང་ཆབ་འབངས་གཅིག་གྱུར་གྱི་རྨང་གཞི་གསར་འཛུགས་བྱས་ཡོད་པར་སྣང༌། དགུང་ལོ་ཉེར་བརྒྱད་པ་ཆུ་འབྲུག་ཕྱི་ལོ་ ༥༧༢ ལ་བྱང་གི་འདམ་རྒྱབ་ཏུ་མོན་དུག་གིས་བཀྲོངས། བཙན་པོའི་བང་སོ་གྲུ་བཞི་བརྩིགས་པ་དེ་ནས་བྱུང༌། གྲལ་ནི་ཁྲི་བཟུང་བང་སོའི་གཡས་ན་ཡོད།

{{#arraymap:གནམ་རི་སྲོང་བཙན་

|; |@@@ | | }}