78885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟ་སྟོན་ཇོ་བོ་འབུམ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ཤིང་འབྲུག་ཕྱི་ལོ་ ༡༡༢༤ ལོར་གཡས་རུ་སྟོད་དུ་ཡབ་རྟ་བོན་དབང་གྲགས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་གཟད་ཀྱི་གྲུམ་བུ་ལུང་པའི་བླ་མ་མདའ་བྱང་ཆུབ་སེམས་དཔའ་ལས་པོ་ཏོ་བའི་བཀའ་གདམས་ཀྱི་ཆོས་གསན། གཉོས་ཆུ་བོ་རི་བའི་སྤྱན་སྔར་བྱོན་ཏེ། དཔོན་གཡོག་ལྔ་ཀ་ཆོས་སྒོར་ཞུགས། གསང་སྔགས་རྙིང་མའི་ཆོས་མང་དུ་གསན། ལྷག་ཏུ་རྫོགས་ཆེན་གྱི་་གཞུང་ལུགས་གདམས་ངག་དང་བཅས་པར་མཁས་པར་གྱུར། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ལམ་འབྲས་དང་། ཕྱག་རྒྱ་ཆེན་པོའི་གདམས་པ་ཀུན་ལ་གསན། དབུ་རུ་སྟོད་ཀྱི་བླ་མ་འཚར་སྟོན་ལས་ཕྱག་རྒྱ་ཆེན་པོའི་སྒང་ལུགས་ཀྱི་དོ་ཧ་སྐོར་གསུམ་དང་། ཟངས་རི་འབྲོ་རས་ལས་ལོ་རོ་རས་ཆུང་པའི་ཆོས་སྐོར་རྣམས་དང་། ནང་སྟོན་མགོན་པོ་ལས་རྣམ་འཇོམས་དང་ཕུར་པ། དམར་སྟོན་འཇམ་ལས་བདེ་མཆོག་གི་དབང་བརྒྱ་རྩ་བརྒྱད་བཅས་ཞུས། གཉོས་ཆུ་བོ་རི་བ་དང་། ཕག་གྲུ་རྡོ་རྗེ་རྒྱལ་པོ་གཉིས་ལ་རྩ་བའི་བླ་མར་བཀུར། ཆུ་བོ་རིར་སྒྲུབ་པ་ཉམས་ལེན་མཛད། གཞན་དོན་རྒྱ་ཆེར་བསྐྱངས། ང་གཅིག་པ་རབ་བྱུང་གསུམ་པའི་ཤིང་རྟ་ཕྱི་ལོ་ ༡༡༧༤ ལོར་སྐུ་གཤེགས། རིགས་སྲས་ནི་རྟ་སྟོན་ཇོ་བོ་ཡེ་ཤེས་དང་། དབུས་པ་ཇོ་བསོད་གཉིས་ཡིན། སྒྱུ་འཕྲུལ་གཙོར་མཛད་གྱི་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན།

{{#arraymap:རྟ་སྟོན་ཇོ་བོ་འབུམ་

|; |@@@ | | }}