78886

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟ་སྟོན་ཇོ་བོ་ཡེ་ཤེས་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ཆུ་ལུག་ཕྱི་ལོ་ ༡༡༦༣ ལོར་གཡུ་རུ་སྟོད་དུ་ཡབ་རྟ་སྟོན་ཇོ་འབུམ་གྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཉིས་པར་བླ་མ་དམར་སྟོན་འཇམ་ལས་བདེ་མཆོག་དང་། ཕྱག་ན་རྡོ་རྗེ་བདུད་རྩི་ཐིགས་པའི་ཆོས་སྐོར་རྣམས་ཞུས། གཟུངས་རིང་ལ་བསྙེན་པ་ལོ་ངོ་གཉིས་ཙམ་མཛད། བདེ་མཆོག་གི་དབང་བརྒྱ་དང་བཅུ་དྲུག་ཞུས། ཁ་རག་སྟོན་སྙིང་ལས་སྒྱུ་འཕྲུལ་ལོ་ངོ་གཉིས་ལ་གསན། བླ་མ་རྩགས་དང་སེ་དུར་ལུང་གཉིས་ལ་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ཞུས། བཅུ་དྲུག་པར་ངོམས་ཤོད་སྨད་དུ་ཕེབས་ཏེ། དགྱེས་རྡོར་མེས་ལུགས། འཇམ་དཔལ་གསང་ལྡན། བདེ་མཆོག་ལཱུ་ཡི་པ། མཚོ་སྐྱེས་རྡོ་རྗེའི་སྒྲུབ་ཐབས། ལམ་འབྲས་ཞམ་ལུགས། ཞི་བྱེད་ལུགས་གསུམ་ག ཁྱད་པར་དུ་སྐམ་ལུགས་གཙོ་བོར་མཛད། བླ་མ་ཟངས་རི་རྒྱ་རས་ཀྱི་མཁྱེན་པ་མ་ལུས་གསན། བླ་མ་རླུང་ཕྱག་དུམ་ལས་ཕྱག་རྒྱ་ཆེན་པོ་རླུང་ལུགས་ཀྱི་སྐོར་དང་། སྟོང་ཐུན་གདམས་ངག་གི་སྐོར། ཕག་མོ་བྱིན་རླབས་ཀྱི་སྐོར་ཏེ་ཧ་སྐོར་གསུམ་དང་། གྲུབ་ཐོབ་མལ་བྱེ་ཚང་བ་ལས་ཀ་ཀི་ནིའི་སྐོར་བཅས་ཞུས། ཉེར་བཞི་པར་ནང་སྟོན་ཇོ་འཁྱམས་ལས་ཕུར་པ་གསན། ཆུ་བོ་རིར་བཞུགས་ནས་སྒྲུབ་པ་མཛད། ཞིག་པོ་བདུད་རྩི་ལས་བཤད་རྒྱུད་མདོ་བཅུ་དང་། སྒོམ་ཡིག་ཆེན་མོ། གདམས་པ་སྙན་བརྒྱུད་བཅས་གསན། རྟོགས་གྲོལ་དུས་གཅིག་ཏུ་གྱུར། རེ་བརྒྱད་པ་རབ་བྱུང་བཞི་པའི་ལྕགས་སྟག་ཕྱི་ལོ་ ༡༢༣༠ ལོར་སྐུ་གཤེགས། སྒྱུ་འཕྲུལ་གཙོར་མཛད་ཀྱི་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན།

{{#arraymap:རྟ་སྟོན་ཇོ་བོ་ཡེ་ཤེས་

|; |@@@ | | }}