7889
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ས་མཆོག་བཅུ་བཞི་ཞེས་པའི་དོན་ཏེ། འཇིག་རྟེན་པའི་ས་དགུ་པོ་གཅིག་ཏུ་བརྩིས་ཤིང་། དེའི་སྟེང་འདས་པའི་ས་བཅུ་དང་། སྐུ་གསུམ་གྱི་ས་གསུམ་བསྣན་པས་བཅུ་བཞིའོ། །མདོ་དགོངས་པ་འདུས་པར་དགེ་སློང་ཐུབ་དཀའ་གཞོན་ནུ་དེ་ཉིད་ས་མཆོག་བཅུ་བཞི་པ་བརྙེས་ནས་རྡོ་རྗེ་སེམས་དཔར་གནས་གྱུར་པ་ལ་གནམ་རིམ་པ་བཅུ་བཞི་ན་གནས་པའི་དཔལ་རྡོ་རྗེ་སེམས་དཔའ་ཞེས་པའི་བརྡ་མཛད་འདུག |
| Domain | ཆོས་ལུགས། |