78902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟག་ཆད་མཐའ་གཉིས་སྤངས་པའིཡང་དག་ལྟ་བ་ (1)
Part of speech མིང་ཚིག
Definition འདིར་དབུ་མའི་ལྟ་བའམ་ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་ལ་ཟེར། དེ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པའི་ངོ་བོ་ཉིད་རྡུལ་ཙམ་ཡང་མེད་པར་ལུང་དང་རིགས་པའི་ལམ་ནས་སྨྲ་བར་བྱེད་པས་ན་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་ཟེར། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ལ་བློ་གྲོས་ཀྱིས་གནས་པར་བྱེད་པས་ན་དབུ་མ་བ་ཞེས་ཀྱང་ཟེར་རོ། །དབུ་མ་རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། དེ་ནི་སྟོང་པ་ཉིད་དུ་བཤད། དེ་ནི་བརྟེན་ནས་གདགས་པ་སྟེ། དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་རྐྱེན་གྱིས། ཐ་སྙད་དུ་མེད་པ་མ་ཡིན་པས་ཆད་ལྟ་སེལ་ཞིང་། རང་རྒྱུ་དང་རྐྱེན་གཞན་ལ་རག་ལས་པས་རྟག་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པའི་དོན་མི་གནས་པའི་ཕྱིར་རང་བཞིན་མེད་པར་གྲུབ་པས་རྟག་པའི་མཐའ་སེལ་བའོ། །དེ་ལྟར་རྟག་ཆད་གཉིས་ཀའི་མཐའ་སྤངས་པས་བདེ་སྟོང་གྲུབ་པའི་རིགས་པའི་རྒྱལ་པོ་ཡང་དག་པའི་དབུ་མའི་ལྟ་བའོ། །
Domain ཆོས་ལུགས།