7892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནམ་ལྕགས་ (1)
Part of speech མིང་ཚིག
Definition སྔོན་བྱོན་དྲེགས་འདུལ་རྣམས་ལ་སྡེ་བརྒྱད་སོགས་ཀྱིས་ཕུལ་པར་གྲགས་པའི་གཏེར་དུ་སྦས་མིན་སྣ་ཚོགས་བྱུང་ཡང་ངོ་བོ་ལྕགས་དངོས་ཏེ། དབྱིབས་སྣ་ཚོགས་པ་བརྡུངས་ན་སྐད་སྙན་ཞིང༌། ཁ་དོག་གསལ་མིན་སྣུམ་མདངས་ཅན་ལྕགས་ཕལ་པས་མི་བརྫི་བ། ནུས་པས་བགེགས་འཇོམས་ཤིང་སྨྱོ་བྱེད་ལ་ཕན། དེ་ནི་གནམ་ནས་ཟགས་པའི་ལྩགས་ཏེ་ཐོག་ནི་གནམ་ནས་ལྷུང་བར་གྲགས་པས་ཁ་སྐད་དུ་འདི་ལ་ཐོག་རྫས་ཀྱང་ཟེར།
གནམ་ལྕགས་ (2)
Part of speech མིང་ཚིག
Definition སྐབས་འགར་མེ་མདའ་དང་། མེ་སྒྱོགས་ལའང་གནམ་ལྕགས་ཀྱི་མདའ་པོ་ཆེ་ཟེར་སྲོལ་ཡོད།
གནམ་ལྕགས་ (3)
Part of speech མིང་ཚིག
Definition ཐོག གནམ་ལས་བྱུང་ཞིང་ལྕགས་རིགས་ལས་གྲུབ་པ་ཡིན་པས་སོ། །
Type མངོན་བརྗོད།