78936

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟག་པར་ལྟ་བ་བཞི་ (1)
Part of speech མིང་ཚིག
Definition རྟག་པར་ལྟ་བ་བཞི་ནི། ཕྱི་རོལ་པའི་གྲུབ་མཐའ་ལ་རྟག་ཆད་སྡེ་གཉིས་སུ་ཡོད་པའི་ཡ་གྱལ་རྟག་པར་སྨྲ་བའི་སྡེ་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། དབང་ཕྱུག་རྟག་པར་སྨྲ་བའི་རིག་པ་ཅན་དང་། ཁྱབ་འཇུག་རྟག་པར་སྨྲ་བ་ཁྱབ་འཇུག་པ་དང་། གཙོ་བོ་རྟག་པར་སྨྲ་བ་གྲངས་ཅན་པ་དང་། རྡུལ་ཕྲན་རྟག་པར་སྨྲ་བ་བྱེ་བྲག་པའོ། །དེ་དག་ཀྱང་དྲང་སྲོང་སེར་སྐྱ་དང་། གཟེགས་གཟན་དང་། རྐང་མིག་པ་དང་། འུག་ཕྲུག་པའི་རྗེས་སུ་འབྲང་བའོ། །ཞེས་དང་། དེ་ཐམས་ཅད་ཀྱང་བདག་ཏུ་སྨྲ་བ་སྟེ། རྟག་པར་ལྟ་བ་རྣམས་ནི་བདག་གམ་གཙོ་བོ་རྟག་པ་གཅིག་པུ་རང་དབང་ཅན་ཡིན་ཞིང་། འབྱུང་བ་རྣམས་ལ་དབང་བྱེད་པ་ཁྱབ་པའི་རང་བཞིན་སེམས་ཅན་ཀུན་གྱི་སྙིང་ལ་གནས་པར་འདོད་ཅིང་། དབང་ཕྱུག་ཁྱབ་འཇུག་ལ་སོགས་པའི་ལྷ་རྟག་པས་མཐོ་རིས་སམ་ངན་སོང་དུ་འཕེན་པར་འདོད་ལ། ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]