78938

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟག་པར་སུན་ཕྱུང་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་ལྔ་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྣང་སྲིད་ཡོངས་སུ་འཁོར་མི་སྲིད། སྲིད་པ་སྐྱོང་ཕྱིར་འཇིག་ཚུལ་སྟོན། རྟག་པར་སུན་ཕྱུང་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེའི་ཚིག་དོན་ནི། སྤྲུལ་པའི་སྐུ་དེས་སྣང་ཞིང་སྲིད་པའི་ཁམས་འདིར་ཆགས་ཞེན་གྱིས་འཁོར་བ་དང་ལྟུང་བ་མི་སྲིད་ཀྱང་འགྲོ་ལ་ཐུགས་བརྩེས་སྐྱོང་སྟེ། ཐ་མལ་གྱི་སྣང་ཞེན་རྟག་འཛིན་དང་བདག་འཛིན་རྣམས་སུན་ཕྱུང་ཞིང་ཟློག་པའི་ཐབས་སུ་དགོངས་ནས་ནད་རྐྱེན་སོགས་ཀྱི་དབང་གིས་སྐུ་མི་རྟག་འཇིག་ཚུལ་སྟོན་པར་མཛད་པའི་དོན་ནོ། །
Domain ཆོས་ལུགས།