78942

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་ (1)
Part of speech མིང་ཚིག
Definition དགོན་པ་འདི་ནི་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ཆོས་གཞིས་དང་། ལྷ་འབངས་སོགས་རྒྱ་ཆེར་ཕུལ་ཏེ་ངེས་དོན་གྱི་ཆོས་གཞི་དགོན་གནས་འདེབས་པའི་མཐུན་རྐྱེན་སྒྲུབ་པ་དང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་མཆོག་གིས་དགུང་ལོ་ཞེ་གཅིག་སྟེང་ཕྱག་བཏབ་གནང་བ་ཞིག་ཡིན། དེ་ཡང་ཕྱི་ལོ་ ༡༦༡༥ ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ས་སྦྱངས་བཟུང་རྒྱས་པར་བྱས། གསུམ་པའི་ཚེས་བརྒྱད་ལ་ཐིག་འདེབས་ས་ཆོག་མཛད། དེ་ནས་ལས་གྲྭ་བཙུགས་ཏེ་གཙུག་ལག་ཁང་ཉི་ཤུ་རྩ་གྲངས་གྲྭ་ཁང་བརྒྱ་ཕྲག་ལྕགས་རི་དང་བཅས་པ། ནང་གི་རྟེན་གསུམ་སངས་རྒྱས་རབས་བདུན་སྐུ་ཚད་ཤིན་ཏུ་ཆེ་བ་གསེར་ཟངས་ལས་གྲུབ་པ། ཚེ་དཔག་མེད། སྒྲོལ་མ། ཡུམ་ཆེན་མོ། ཛམ་བྷ་ལ་སོགས་གསེར་ཟངས་ལས་གྲུབ་པ་ཆེ་ཚད་ཕྲ་རྒྱན་སྣ་ཚོགས་ཅན་དང༌། གསེར་ཟངས་ལས་གྲུབ་པའི་འཁོར་ལོ་སྡོམ་པའི་སྐུ་ཞལ་ཕྱག་ཡོངས་རྫོགས་ཚད་ཤིན་ཏུ་ཆེ་བ་དང༌། བདེ་གཤེགས་མཆོད་རྟེན་བརྒྱད་དང༌། རེག་པ་མེད་པའམ་དུས་འཁོར་ནས་བཤད་པའི་མཆོད་རྟེན་རྣམས་གསེར་ཟངས་ཕྲ་ཚོམ་བཟོ་བཀོད་ཁྱད་མཚར་ཅན་དང༌། འོད་དཔག་མེད་པའི་གསེར་སྐུ་ཐོག་ཚད་ཕྱེད་གཉིས་ཅན་རྣམས་དང༌། ཇོ་ནང་དུ་ལྷ་ཁང་གསར་བཞེངས་གསུམ་གྱི་ནང་རྟེན་བྱམས་ཆེན་ཐོག་ཚད་གཉིས་པའི་གཙོས་གསེར་ཟངས་ཀྱི་སྐུ་གཟུགས་དང་སྨན་འདམ་དང་སྤོས་སྐུ་མང་པོ། བཀའ་འབུམ་པོ་ཏི་བཞི་བཅུ་སོགས་སྤར་མང་པོ། བཀའ་བསྟན་བཅོས་འགྱུར་རོ་ཅོག་ཡོངས་རྫོགས་ཚར་གྲངས་མང་པོ་དང༌། གོས་སྐུ་ལེགས་པ་བཅོ་བརྒྱད་ཙམ་སོགས་ངོ་མཚར་པའི་རྟེན་གསུམ་རྣམས་ལ་ཟབ་ཆེན་གནམ་རྒྱན་དང་བུམ་གདན་སོགས་ཆེས་བཟང་བའི་མཆོད་རྫས་རྣམས་ཀྱིས་དྲལ་ཕྱམ་སོགས་མི་མཐོང་ཞིང་མཆོད་རྫས་དང་མཆོད་ཆ་བྱེ་བྲག་དཔག་མེད་གར་འཆམས་ཀྱི་ཆ་ལག་རྒྱན་གོས་དང་གཏོར་འཆམས་ཀྱི་གདོང་བརྙན་སྣ་ཚོགས་རོལ་མོའི་ཚོགས་བརྒྱ་ཕྲག་མང་པོ་དང་བཅས་པ་ལོ་བཅུ་གསུམ་གྱི་ཁོངས་སུ་ལེགས་པར་གྲུབ་པས་སོ་སྐྱེས་སྤྱོད་ཡུལ་ལས་འདས་པ་ཞིག་གོ ། ༸རྒྱལ་དབང་ལྔ་བ་ཆེན་པོས་བོད་ཀྱི་ཆོས་སྲིད་གཉིས་བདག་གིར་བཞེས་པའི་སྐབས། དགོན་མིང་དགེ་ལྡན་ཕུན་ཚོགས་གླིང་བཏགས་ནས་དགེ་ལུགས་པར་བསྒྱུར་ཏེ་ལོ་སུམ་བརྒྱ་ལྔ་བཅུ་ལྷག་སོང་ཡོད། ད་ལྟ་དགོན་འདིའི་བྱིན་རྟེན་གྱི་གཙོ་བོ་ཏཱ་ར་ནཱ་ཐཱའི་ཕྱག་འཁར་དང༌། ཆོས་དུང༌། མ་ཡུམ་གྱི་ཕྱག་འཁར། རྗེ་བཙུན་མེ་ལོང༌། གནམ་ལྕགས་ལས་གྲུབ་པའི་གྲི་གུག ཀུན་མཁྱེན་ཞབས་ལྷམ། འདུ་ཁང་ཐོག་མའི་ནུབ་ཕྱོགས་ལྷ་ཁང་དུ་ལྡེབས་རིས་ཀྱི་རྟོན་པ་བཞི་ལྡན་དོལ་པོ་པའི་སྐུ་འདྲ་ཁྱད་མཚར་ཅན་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་གསུང་ཐུགས་ཀྱི་རྟེན་མང་བོ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ། །

{{#arraymap:རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་

|; |@@@ | | }}