78943

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟག་མཐའ་ (1)
Part of speech མིང་ཚིག
Definition མདོ། མཐའ་གཉིས་ཀྱི་ནང་གསེས་ཤིག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། མཐར་འཛིན་དེ་ལ་ཡང་གཉིས་ཡོད་པའི་རྟག་པའི་མཐར་འཛིན་གྱི་ཁྱད་པར་ཡོད་དེ། ཕྱི་རོལ་པ་ཁ་ཅིག་གིས། བདག་རྟག་པ་དང༌། སྤྱི་གཙོ་བོ་དང༌། དབང་ཕྱུག་རྟག་པ་སོགས་ཡོད་པར་འཛིན་པའི་སེམས་བྱུང་དང༌། བྱེ་བྲག་ཏུ་སྨྲ་བས། ནམ་མཁའ་རྟག་རྫས་དང༌། དངོས་སྨྲ་བ་རྣམས་ཀྱིས་དངོས་པོ་རང་བཞིན་གྱིས་ཡོད་པར་འཛིན་པའི་སེམས་བྱུང་རྣམས་རྟག་པའི་མཐར་འཛིན་དང༌། དེའི་ཞེན་ཡུལ་དུ་གྲུབ་པ་ཞིག་བྱུང་ན། རྟག་མཐའ་ཡིན་པའི་ཕྱིར། དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ལ་རྟག་འཛིན་གྱི་འཛིན་སྟངས་དངོས་སུ་མེད་ཀྱང༌། དེ་རྟག་པའི་མཐར་འཛིན་དུ་འགྱུར་བའི་ཚུལ་ཡོད་དེ། དངོས་པོ་རང་བཞིན་གྱིས་གྲུབ་ན་དངོས་པོའི་ཡོད་པ་དེ་དངོས་པོའི་རང་བཞིན་ཡིན་དགོས། དེ་ཡིན་ན། རང་གི་རང་བཞིན་སྤངས་པའི་ཆོས་མི་སྲིད་པས་དེ་དངོས་པོའི་དུས་ཐམས་ཅད་དུ་མ་འཁྲུལ་དགོས། དེ་མ་འཁྲུལ་ན་དུས་རྟག་ཏུ་ཡོད་དགོས། དུས་རྟག་ཏུ་ཡོད་ན་རྟག་པ་ཡིན་དགོས་པའི་ཕྱིར། དེར་ཐལ། རྩ་ཤེ་ལས། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག ། ཅེས་གསུངས་པའི་ཕྱིར། ཞེས་གསུངས། ཚིག་གསལ་ལས། གང་ཞིག་རང་བཞིན་གྱིས་ཡོད་པར་བརྗོད་པ་དེ་ནི་རང་བཞིན་ལྡོག་པ་མེད་པས་ནམ་ཡང་མེད་པ་མ་ཡིན་ཏེ། དེ་ལྟར་ན། རང་བཞིན་ཡོད་པ་ཉིད་དུ་ཁས་བླངས་པས་རྟག་པར་ལྟ་བར་འགྱུར་ལ། ཞེས་གསུངས། ༡
Domain ཆོས་ལུགས།
Synonyms རྟག་མཐའ་དང་། ཡོད་མཐའོ། །
Antonyms ཆད་མཐའ།