78959

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་ (1)
Part of speech མིང་ཚིག
Definition བྱ་དངོས་ཕན་ཚུན་ཁྱད་པར་འབྱེད་བྱེད་ཀྱི་མཚན་མ།
Keyword True
Example སྨན་པའི་རྟགས་ཞེས་དང་། ནད་གཡོག་མའི་རྟགས་ཞེས་དང་། སྨན་ཁང་གི་རྟགས་ཞེས་པ་ལྟ་བུ།
རྟགས་ (2)
Part of speech མིང་ཚིག
Definition ནང་གི་སེམས་པ་ཕྱི་ལ་མངོན་པའི་རྣམ་པ།
Example དཔའ་བོས་དཔའ་རྟགས་བསྟན་ཞེས་དང་། མཁས་པས་མཁས་རྟགས་བསྟན་ཞེས་པ་ལྟ་བུ།
རྟགས་ (3)
Part of speech མིང་ཚིག
Definition མི་དང་ཕྱུགས་ཀྱི་རིགས་རྒྱུད་སྤེལ་བའི་དབང་པོ།
Example ཕོ་རྟགས་ཞེས་དང་། མོ་རྟགས་ཞེས་པ་ལྟ་བུ།
རྟགས་ (4)
Part of speech མིང་ཚིག
Definition རྟགས་ཞེས་པ་སྒྲུབ་བྱེད་དམ་རྒྱུ་མཚན་ལ་གོ་བ་དང་། ཡང་དག་དང་ལྟར་སྣང་གང་ཡིན་ཀྱང་ཆོག་པ་ཡིན་ནོ།། རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད། བདག་མེད་ཡིན་ན་རྟགས་ཡིན་པས་ཁྱབ། ཞེས་གསུངས་སོ། ། དབྱེ་ན། རྟགས་ཡང་དག་དང་། རྟགས་ལྟར་སྣང་གཉིས་སུ་ཕྱེ་བ་ལྟ་བུ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། གཉིས་པ་རྟགས་ལ་སྒྲའི་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རྟགས་ཡང་དག་དང་། དེའི་ལྡོག་ཕྱོགས་རྟགས་ལྟར་སྣང་བཤད་པ་གཉིས། ཞེས་གསུངས་པའི་ཕྱིར།
Domain ཚད་མ།
རྟགས་ (5)
Part of speech མིང་ཚིག
Definition རྟགས་ཞེས་པ་ནི་ཤེས་བྱེད་དང་རྟོགས་བྱེད་ལ་ཟེར་བ་ཡིན་ཏེ། ཀུན་བཏུས་རང་འགྲེལ་ལས། འདིར་གཏན་ཚིགས་ནི་ཤེས་པར་བྱེད་པའི་དབང་དུ་བྱས་པའི་ཕྱིར་དེ་ཡང་རྟོག་པ་པོ་རང་གི་བདག་ཉིད་ལ་ལྟོས་ནས་རྟོགས་པར་བྱེད་པའི་རྒྱུ་ཡིན་གྱི། ཞེས་གསུངས་པའི་ཕྱིར།