78965
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟགས་སུ་བཀོད་པ་བཞི་པོ་ལ། །ནུས་པ་དེ་ཡང་རྣམ་བཞི་ཡོད། །མ་གྲུབ་པས་ཆོས་ཅན་གྱི་སྟེང་དུ་ཐེ་ཚོམ་ཡང་བསྐྱེད་མི་ནུས་སོ། །མ་ངེས་པས་ཐེ་ཚོམ་ཙམ་བསྐྱེད་ཅིང་། འགལ་བས་མི་འདོད་པའི་ངེས་པ་དང་། ཡང་དག་གིས་འདོད་པའི་ངེས་པ་བསྐྱེད་པ་ཡིན་ཏེ། མཁས་པ་རྣམས་ཀྱི་གཙུག་གི་ནོར་བུས། ཕྱོགས་ལ་མཐུ་མེད་སོམ་ཉི་དང་། །མི་འདོད་འདོད་པའི་ངེས་འགྲུབ་བྱེད། །ཅེས་གསུངས་པ་ལྟར་རོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། རྟགས་སུ་བཀོད་པ་བཞི་པོ་ལ་མ་གྲུབ་པའི་རྟགས་ཀྱིས་བསྒྲུབ་བྱ་ལ་ཐེ་ཚོམ་ཡང་བསྐྱེད་མི་ནུས་ལ། མ་ངེས་པས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་དོ། །དེ་ཡང་རྟགས་དངོས་ཀྱི་བསྐྱེད་པས་མ་ཁྱབ་ཀྱང་། རྟགས་ལ་བརྟེན་ནས་ཐེ་ཚོམ་སྐྱེད་དོ། །འགལ་བས་མི་འདོད་པའི་བློ་བསྐྱེད་ལ་ཡང་དག་གིས་འདོད་པའི་ངེས་པ་སྐྱེད་པས་རྟགས་ཀྱི་ནུས་པ་དེའང་རྣམ་པ་བཞི་ཡོད་དོ། །ཇི་སྐད་དུ། ཕྱོགས་ལ་མཐུ་མེད་སོམ་ཉི་དང་། །མི་འདོད་འདོད་པའི་ངེས་པ་དང་། །ཞེས་སོ། །མ་གྲུབ་པ་ལ་ནུས་པ་མེད་ཀྱང་ཟླའི་སྟོབས་ཀྱིས་ལྷན་ཅིག་ཏུ་བཤད་པ་ཡིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། ། |
| Domain | ཚད་མ། |