78969

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་ཀྱི་མཚན་གཞི་ངེས་ཀྱི་ཚད་མ་ (1)
Part of speech མིང་ཚིག
Definition གཏན་ཚིགས་ཡང་དག་གི་རྒྱུ་མཚན་ནམ་རྟགས་དེ་ངེས་པའི་ཚད་མ་ཞིག བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པ་ལ། སྔོན་དུ་འགྲོ་དགོས་པའི་ཚད་མ་གསུམ་གྱི་ནང་གསེས་ཤིག་སྟེ། དཔེར་ན་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་ཆོས་དོན་གསུམ་གྱི་ནང་ནས་རྟགས་ཀྱི་མཚན་གཞི་དེ་ངེས་བྱེད་དོ། །པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། མ་གྲུབ་ན། ཤེས་བྱ་མ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟགས་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པར་ཐལ། རྟག་མི་རྟག་དངོས་འགལ་ཡིན། ཤེས་བྱ་མ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པར་ཐལ། རྟག་མི་རྟག་དངོས་འགལ་ཡིན། ཤེས་བྱ་མ་ཡིན་པ་རྟག་པ་ལ་ཁེགས་པའི་ཕྱིར། མ་ཁྱབ་ན། སྦྱོར་བ་སྐོར་གཅིག་པོ་དེའི་རྗེས་ཁྱབ་ཚད་མས་ངེས་པ་ལ་ཚད་མ་གཉིས་པ་སྔོན་དུ་འགྲོ་མི་དགོས་པ་འགལ། ཞེས་སོོ། །
Domain ཚད་མ།