78970
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་ལུགས། མདོ་སྡེ་བ་དང་སེམས་ཙམ་པ་ཐུན་མོང། གང་བཀོད་པའི་རྟགས་དེ་ངེས་བྱེེད་ཀྱི་ཚད་མ་ཞིག་ལ་ཟེར་བ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ལ་ཤེས་བྱ་མ་ཡིན་པ་རྟགས་སུ་བཀོད་པའི་ཚེ། སྐབས་ཀྱི་ཕྱི་རྒོལ་གྱིས་རྟག་མི་རྟག་དངོས་འགལ་དུ་ངེས། དགག་གཞི་ཆོས་རྟག་པ་ལ་རྟགས་ཤེས་བྱ་མ་ཡིན་པ་འགོག་ཀྱང་། རྟགས་དེ་མི་རྟག་པ་ཁོ་ན་ལ་ཡོད་པར་མི་འགྲུབ་པ་ནི་རྟགས་དེ་ཚད་མའི་མ་གྲུབ་པས་རྐྱེན་དུ་གསུངས་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ། རྟགས་ཀྱི་མཚན་གཞི་བྱས་པ་ངེས་པའི་ཚད་མ། རྟག་པ་ལ་བྱས་པ་འགོག་བྱེད་ཀྱི་ཚད་མ་རྣམས་སྔོན་དུ་འགྲོ་དགོས་པའི་ཕྱིར། ཞེས་དང། ཚད་མ་གཉིས་པ་མི་དགོས་ན། ཤེས་བྱ་མ་ཡིན་པ་མི་རྟག་ཁོ་ན་ལ་ཡོད་པར་ཐལ། རྟག་མི་རྟག་དངོས་འགལ་དུ་ངེས། དེས་རྟག་པ་ལ་འཇུག་པ་ཁེགས་པའི་ཕྱིར། མ་ཁྱབ་ན། སྔར་ལྟར་དེ་སྐོར་གྱི་རྗེས་ཁྱབ་ཚད་མས་ངེས་པ་ལ་ཚད་མ་གཉིས་པ་མི་དགོས་པ་དང་འགལ་ལོ། །ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |