78977

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་ཀྱི་རྩེ་སྦྱོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། དོན་བདུན་ཅུའི་ནང་གསེས་རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད་ཀྱི་ནང་ཚན་གང་ཞིག་ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་སྐབས་སུ་ཐོབ་པའི་རྟགས་མི་འདྲ་བ་བཅུ་གཉིས་ལ་རྟགས་ཀྱི་རྩེ་སྦྱོར་ཞེེས་འཇོག་པ་ཡིན། དེ་ལ་དབྱེ་ན་བཅུ་གཉིས་ཡོད་དེ། ཕར་ཕྱིན་རྩ་ཊཱིཀ་ལས། རྣམ་པ་བཅུ་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་འཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ཏེ། སད་དུས་སུ་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་ཤིན་ཏུ་གོམས་པའི་ཕྱིར་ན་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ལ་སོགས་པར་ལྟ་བ་དང༌། སད་དུས་སུ་སེམས་བསྐྱེད་ལ་གོམས་པའི་སྟོབས་ཀྱིས་རྨི་ལམ་ན་ཡང་ཉན་ཐོས་ལ་སོགས་པའི་ས་ལ་དགའ་བའི་སེམས་མི་བསྐྱེད་པ་དང་། སད་དུས་སུ་སངས་རྒྱས་མཐོང་བ་དང་མི་འབྲལ་བའི་དགེ་རྩ་སྨིན་པའི་སྟོབས་ཀྱིས་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་འཁོར་བརྒྱ་སྟོང་གིས་བསྐོར་ཏེ་ཆོས་སྟོན་པ་ལ་སོགས་པ་མཐོང་བ་དང༌། རྨི་ལམ་ན་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ནམ་མཁའ་ལ་འཕགས་ཏེ་ཆོས་སྟོན་པ་དམིགས་པ་དང༌། རྨི་ལམ་ན་ཡང་བདག་སད་ནས་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་བསྟན་པར་བྱའོ་སྙམ་དུ་དམ་པའི་ཆོས་སྟོན་པའི་སེམས་བསྐྱེད་པ་དང༌། སད་རྨི་གཉིས་ཀའི་སྐབས་ན་ཡང་དམྱལ་བ་ལ་སོགས་པའི་སེམས་ཅན་མཐོང་བ་སྔོན་དུ་འགྲོ་བས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་གི་མིང་ཡང་མེད་པར་གྱུར་ཅིག་སྙམ་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པ་དང༌། སད་རྨི་གཉིས་ཀར་གྲོང་ཁྱེར་ལ་སོགས་པ་མེས་འཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱིས་བརླབས་པ་གྲུབ་པ་དང༌། སད་དུས་སུ་སྐྱེས་པ་དང་བུད་མེད་གནོད་སྦྱིན་ལ་སོགས་པ་མི་མ་ཡིན་པས་ཟིན་པ་ན་བདེན་པའི་སྟོབས་བརྗོད་པས་མེད་པར་བྱེད་པའི་བདེན་པའི་ཚིག་གྲུབ་པ་དང༌། རང་ཉིད་ཀྱིས་བདུད་ལས་མངོན་པར་ཤེས་པས་ཕ་རོལ་བདུད་ཀྱི་ལས་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། རྣམ་པ་ཐམས་ཅད་དུ་གཞན་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང༌། ཆོས་ཐམས་ཅད་ལ་བདེན་པར་མངོན་པར་ཞེན་པ་མེད་པ་དང༌། རྩེ་མོའི་མཐུས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱ་བའི་རྩེ་མོའི་རྟགས་བཅུ་གཉིས་ཡོད་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྟགས་ཀྱི་རྩེ་སྦྱོར་

|; |@@@ | | }}

རྟགས་ཀྱི་རྩེ་སྦྱོར་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། རྩེ་སྦྱོར་ཀྱི་རྟགས་བཅུ་གཉིས་གང་རུང་ཐོབ་པའི་སེམས་དཔའི་རྣལ་འབྱོར་རོ། །ས་མཚམས་ནི། ཐེག་ཆེན་གྱི་དྲོད་ནས་ས་བཅུའི་རྒྱུན་མཐའི་བར་དུ་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ནོ། །སྔར་བཤད་པ་ནི་སྤྱིར་ཕྱིར་མི་ལྡོག་པའི་རྟགས་ཡིན་ལ། འདི་ནི་བྱེ་བྲག་རྩེ་སྦྱོར་ཐོབ་པའི་རྟགས་ཡིན་པས་ཁྱད་པར་གྱི་རྟགས་ཞེས་གསུངས་སོ། །རྟགས་གང་ཞེ་ན། རྣམ་པ་བཅུ་གཉིས་ནིའོ། །འདི་ལ་ངོ་བོའི་སྒོ་ནས་དབྱེ་ན། དང་པོ་བརྒྱད་འབྲས་བུ་དང་། ཕྱི་མ་བཞི་རང་བཞིན་གྱི་རྟགས་སོ། །དུས་ཀྱིས་ཕྱེ་བ། རྨི་ལམ་གྱི་དྲུག སད་པའི་དྲུག་གོ ། དང་པོ་ལ། དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། རྩེ་སྦྱོར་ཐོབ་པ་ཡིན་ཏེ། ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་སྒྲ་བརྙན་ལ་སོགས་པ་དང་འདྲ་བར་ལྟ་བར་བྱེད་པའི་ཕྱིར། འོག་མ་ལྔ་ལ་ཡང་སྦྱོར་ཚུལ་དེ་བཞིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། མདོ་ལས་རྟགས་བཅུ་གཉིས་ཀྱིས་དངོས་སུ་མཚོན་ནས་བསྟན་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ། རྟགས་ཀྱི་རྩེ་སྦྱོར་གྱི་མཚན་ཉིད། དེ་ནི་དྲོད་ཀྱི་རྩེ་སྦྱོར་དང་དོན་གཅིག རྟགས་བཅུ་གཉིས་ཀྱི་རྣམ་གཞག་ལ། མདོ་ལས་དང་པོ་དྲུག་ལ་རྨི་ལམ་གྱི་རྟགས་སུ་གསུང་ཞིང། བདུན་པ་ལ་རྨི་ལམ་དང་སད་རྨི་འདམ་ཁ་ཅན་དུ་མཛད། ལྷག་མ་རྣམས་ལ་ཡང་སད་རྨི་གཉིས་ཀའི་གསལ་ཀ་མ་མཛད་དོ། །བུདྡྷཤྲཱི་ནི་དང་པོ་དྲུག་རྨི་ལམ་གྱི་རྟགས། དེ་ནས་གཉིས་སད་རྨི་གཉིས་ཀའི་རྟགས། ཐ་མ་བཞི་སད་པའི་རྟགས་སུ་བཞེད། ཆོས་ཀྱི་བཤེས་གཉེན་གྱིས་དང་པོ་དྲུག་རྨི་ལམ་གྱི་རྟགས་དང། ཕྱི་མ་དྲུག་སད་པའི་རྟགས་སུ་བཞེད། ལོ་ཙཱ་བ་ཆེན་པོས་དང་པོ་བརྒྱད་འབྲས་རྟགས་དང་། ཕྱི་མ་བཞི་རང་བཞིན་གྱི་རྟགས་སུ་བཞེད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །

{{#arraymap:རྟགས་ཀྱི་རྩེ་སྦྱོར་

|; |@@@ | | }}