78989

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་གདུང་འོད་ལྡན་དང་བདུད་རྩིའི་བཅུད་ལེན་ཟབ་མོ་ (1)
Part of speech མིང་ཚིག
Definition རྙིང་མ། རྟགས་གདུང་འོད་ལྡན་དང་བདུད་རྩིའི་བཅུད་ལེན་ཟབ་མོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་མཁར་ཆེན་བུད་མེད་ཀྱིས༔ མ་འོངས་དོན་དུ་ཡི་གེར་བཏབ༔ ད་ལྟ་མི་སྤེལ་གཏེར་དུ་སྦས༔ ནམ་ཞིག་རྩོད་ལྡན་སྙིགས་མ་ལ༔ ལས་ཅན་གཅིག་དང་དེ་འཕྲད་ནས༔ བསྒྲུབ་པ་བྱེད་པ་དཔག་མེད་ལས༔ འགྲོ་དོན་རྒྱ་ཆེན་འབྱུང་བར་ཤོག༔ ཅེས་པ་ལྟར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཀོད་ཅིང་གཏེར་དུ་སྦས་པ་ཉིད། ཕྱིས་སུ་གཏེར་ཆེན་རཏྣ་གླིང་པའམ་འགྲོ་འདུལ་གླིང་པས་གཏེར་ནས་དྲངས། འདིའི་ནང་དོན་ནི། མཁར་ཆེན་བཟའ་སོགས་ཀྱིས་གུ་རུ་ལ་བཅུད་ལེན་ཁྱད་པར་ཅན་བྱ་སླ་ལ་ཚེགས་ཆུང་བ་དངོས་གྲུབ་མྱུར་དུ་སྒྲུབ་པ་སོགས་ལ་གེགས་སེལ་བའི་ཆེད་དུ་གདམས་ངག་ཞུས་པ་ལ་ལན་བསྟན་པའོ། །