7899
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་གནམ་ལྕགས་ལྕེ་ཡི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། གནམ་ལྕགས་ལྕེ་ཡི་བརྟུལ་ཞུགས་ཀྱིས། །དྲག་ཤུལ་ལས་ལ་སྦྱར་བར་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། དཔེ་གནམ་ལྕགས་ལྕེ་ཡི་ཐོག་ཆེན་གང་ལ་བབ་ཀྱང་འཇོམས་པ་ལྟར་ཁྲོ་བའི་བཟླས་པ་དྲག་པོའི་ཕྲིན་ལས་གང་བཙུགས་པ་མཐར་ཕྱིན་ཏེ་དྲག་ཤུལ་ཅན་དུ་བྱེད་པའི་བརྟུལ་ཞུགས་ཏེ། ཞེས་གསུངས། |
| Domain | ཆོས་ལུགས། |