78990

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་གཞན་བཞི་པ་ (1)
Part of speech མིང་ཚིག
Definition གཞན་སྡེ་བྱེ་བྲག་པ་ལ་སོགས་པས་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་ལས་གཞན་པའི་རྟགས་གཞན་བཞི་པ་ཞིག་འདོད་པ་ལ་ཟེར། དེ་དགག་པ་ལ། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རྟགས་གཞན་བཞི་པ་བཀག་པའི་སྒོ་ནས་སྒྲུབ་པ་ཡིན་ལ། དེ་ཡང་ཡང་དག་གི་ཁྱད་པར་གསུམ་དུ་མ་འདུས་པ་བཀག་པའི་སྒོ་ནས་སྒྲུབ་པ་དང་། ལྟར་སྣང་གི་ཁྱད་པར་ཡང་དག་ཏུ་འདུས་པ་བཀག་པའི་སྒོ་ནས་སྒྲུབ་པ་གཉིས་ཞེས་དང་། ཡང་། ཕ་རོལ་པོས་དེ་ནི་རྣམ་གསུམ་ཉིད་ཅེས་པ་མི་འཐད་དེ། བུ་རོ་ད་ལྟར་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་གང་ཞིག ། དེ་དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་པོ་གང་རུང་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། དེའི་རྟགས་ལས་དེའི་སྟེང་དེ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེ་བའི་ཕྱིར། ཞེས་རྒོལ་བ་ན། ཕྱི་མ་ལ་ཁྱབ་མེད་ཀྱི་ལན་འདེབས་པའི་ཕྱིར། རྗེས་དཔག་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ད་ལྟར་བ་བསྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་ཕྱིར། ཞེས་སོ། །
Domain ཚད་མ།