79006
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སེམས་ཉིད་དོན་ལ་སྦྱོར་བའི་སྐབས་བཅུར་བྱང་ཆུབ་ཀྱི་སེམས་བཅུ་འབྱུང་བ་དག་མཚོན་པའི་དཔེ་དང་རྟགས་བཅུ་ཐུན་མོང་དུ་བསྟན་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་གི་རྟོགས་པ་དང་གོམས་པའི་ཁྱད་པར་ལྟར་བྱང་ཆུབ་སེམས་ཀྱི་གཟུགས་བརྙན་གང་ཡིན་པ་རིག་པ་ལ་སྣང་བ་ཡི་རྟགས་དང༌། དངོས་པོ་མེད་པར་ངོ་བོ་རང་སྣང་དང་མཐུན་པར་སེམས་སྐྱེ་ལུགས་ཀྱི་མཚོན་པར་འགྱུར་པའི་དཔེ་གཉིས་ཐུན་མོང་གི་རྣམ་གྲངས་སུ་བསྟན་པ་ནི། དཔེར་ན་སྐར་མ་ཕྲ་མོ་ལྟ་བུ་དང༌། ཐ་མལ་དུ་གྱུར་བའི་འབྲིང་པོ་ལྟ་བུ་དང༌། ཆེན་པོ་ཡི་སྐར་མ་ཤར་བ་ལྟ་བུ་དང༌། ཟླ་བ་ཚེས་གཅིག་པ་ལྟ་བུ་དང༌། དེ་བཞིན་དུ་ཚེས་གཉིས་པ་ལྟ་བུ་དང༌། གསུམ་པ་ལྟ་བུ་དང༌། བཞི་པ་ལྟ་བུ་དང༌། ཚེས་ལྔ་པ་ལྟ་བུ་དང་ནི། ཚེས་བརྒྱད་པ་ལྟ་བུ་དང༌། ཚེས་བཅུ་དྲུག་པ་ཆ་ཤས་ཡོངས་སུ་གང་བ་ལྟ་བུར་སྣང་བ་སྟེ། ཞེས་དང་། ཀུན་འདུས་རིག་པ་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་དེ། །སྐབས་བཅུ་དག་ཏུ་སྦྱོར་བ་ན། །གཟུགས་བརྙན་ཆོས་ཉིད་ངོ་ལ་སྣང༌། །གཟུགས་བརྙན་རང་བཞིན་ཇི་ལྟར་སྣང༌། །ཕྲ་མོ་ཙམ་གྱི་སྐར་མ་དང༌། །དེ་བཞིན་སྐར་མ་ཐ་མལ་པ། །སྐར་མ་ཆེན་པོ་དག་དང་ནི། །ཟླ་བ་ཚེས་གཅིག་རྣམ་པ་དང༌། །གཉིས་དང་གསུམ་དང་བཞི་དང་ལྔ། །བརྒྱད་དང་བཅུ་དྲུག་རྣམ་པ་ཡི། །གཟུགས་བརྙན་དག་ཏུ་སྣང་བ་སྟེ། །དངོས་པོར་སྣང་བ་ཅང་མ་ཡིན། །ཆུ་ཟླ་ལྟ་བུར་གཟུང་དུ་མེད། །སེམས་ཀྱི་གཟུགས་བརྙན་སྣང་བ་དང༌། །ཆོས་ཉིད་གསལ་བའི་ཉི་མ་གཉིས། །ཡུལ་དང་དབང་པོའི་ཚུལ་ལྟ་བུར། །དབྱིངས་དང་ཡེ་ཤེས་རང་བཞིན་གསལ། །འདི་ནི་རྣལ་འབྱོར་སྦྱོར་བའི་ལམ། །བགྲོད་པར་བྱེད་པའི་ཐབས་ཆེན་ཡིན། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྟགས་དང་དཔེ་བཅུ་
|; |@@@ | | }}