79010

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་བཅུ་ (1)
Part of speech མིང་ཚིག
Definition སྔགས། བླ་མེད། རྣལ་འབྱོར་པ་དམིགས་པ་ལ་སེམས་ཟིན་པའི་རྟགས་བཅུ་སྟེ། ས་རླུང་ཟིན་པས་དུ་བ་སྔོན་བུན་ནོ། །མེ་རླུང་ཟིན་པས་སྲིན་བུ་མེ་ཁྱེར་ལྟ་བུའོ། །ཆུ་རླུང་ཟིན་པས་སྨིག་རྒྱུ་ལྟ་བུའོ། །རླུང་གི་རླུང་ཟིན་པས་འཇའ་ཚོན་སྣ་ཚོགས། ནམ་མཁའི་རླུང་ཟིན་པས་མེ་འབར་བ་ལྟ་བུའོ། །སེམས་ལྷག་པར་བརྟེན་པའི་དེ་བཞིན་སྐུ་གཟུགས་མཐོང་ངོ་། །རིགས་དྲུག་གནས་མཐོང་ངོ་། །ལུས་ལ་འཇའ་ཚོན་འཁོར་རོ། །ལྷའི་མིག་ལྟ་བུ་ཡུག་གཅིག་གིས་གཅིག་མི་བསྒྲིབས་པར་གསལ། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དྲན་པ་སོགས་ཉམས་སྣང་སྣ་ཚོགས་འཆར་བའོ། །
Domain ཆོས་ལུགས།

{{#arraymap:རྟགས་བཅུ་

|; |@@@ | | }}

རྟགས་བཅུ་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རླུང་སེམས་དབུ་མར་ཚུད་པ་ལས་སྣང་བའི་རྟགས་བཅུ་སྟེ། ཕྱོགས་བཅུའི་མུན་སེལ་ལས། རྟགས་བཅུ་ནི་རླུང་སེམས་དབུ་མར་ཚུད་པས་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་གྱུར་པའི་རྟགས་སུ། དུ་བ་དང་། སྨིག་རྒྱུ་དང་། སྤྲིན་དང་། མེ་ཁྱེར་དང་། ཉི་མ་དང་། ཟླ་བ་དང་། རིན་པོ་ཆེ་འབར་བ་དང་། སྒྲ་གཅན་དང་། སྐར་མ་དང་། འོད་ཟེར་གྱི་སྣང་བ་ལྟ་བུ་འབྱུང་བའོ། །རྒྱུད་སྡེ་གཞན་ལས་ཀྱང་དེ་དང་ཅུང་ཟད་མི་འདྲ་བའི་རྟགས་བཅུ་བཤད་དོ། །ཞེས་གསུངས་སོ། །

{{#arraymap:རྟགས་བཅུ་

|; |@@@ | | }}

རྟགས་བཅུ་ (3)
Part of speech མིང་ཚིག
Definition ཐུན་མིན་ཕར་ཕྱིན་བཅུ་རྫོགས་པའི་རྟགས་སུ་ཕྱག་མཚན་བཅུར་ཤར་བ་སྟེ། ཡེ་ཤེས་ཀྱི་རྡོ་རྗེ་དང༌། བཟོད་པའི་བྷནྡྷ་དང༌། སྟོབས་ཀྱི་ཁ་ཊྭཱྃ་ག་དང༌། སྨོན་ལམ་གྱི་ཞིང་ཆེན་དང༌། ཐབས་ཀྱི་ཐོང་གཤོལ་དང༌། ཤེས་རབ་ཀྱི་རྔ་དང༌། ཚུལ་ཁྲིམས་ཀྱི་པདྨ་དང༌། བསམ་གཏན་གྱི་འཁོར་ལོ་དང༌། བརྩོན་འགྲུས་ཀྱི་རལ་གྲི་དང༌། སྦྱིན་པའི་རིན་པོ་ཆེ་སྟེ་གོ་རིམས་སུ་སྦྱར་རོ། །

{{#arraymap:རྟགས་བཅུ་

|; |@@@ | | }}