79026

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་འཛིན་སེམས་ (1)
Part of speech མིང་ཚིག
Definition ལྐོག་ཏུ་གྱུར་པའི་དོན་གྱི་རྟོག་པ་ལ་བཞིར་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྟགས་འཛིན་པའི་སེམས་ནི། དེ་སྒྲུབ་ཀྱིས་རྗེས་དཔག་ཉེར་ལེན་དུ་གྱུར་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་གང་རུང་ངེས་པའི་བློ། ཞེས་གསུངས།
Domain ཚད་མ།

{{#arraymap:རྟགས་འཛིན་སེམས་

|; |@@@ | | }}

རྟགས་འཛིན་སེམས་ (2)
Part of speech མིང་ཚིག
Definition རྟགས་འཛིན་སེམས་ཞེས་པ་ནི། རང་འབྲས་རྟགས་ཅན་རྗེས་དཔག་གི་རྒྱུར་གྱུར་པའི་རྟགས་ཀྱི་ཚུལ་གསུམ་གང་རུང་འཇལ་བའི་བློ་ཞིག་ལ་ཟེར།

{{#arraymap:རྟགས་འཛིན་སེམས་

|; |@@@ | | }}

རྟགས་འཛིན་སེམས་ (3)
Part of speech མིང་ཚིག
Definition དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཀྱི་དོན་གསུངས་པའི་ཚེ་འདི་ལྟར། རང་ཉིད་སྒྲ་བྱས་པ་དང་། བྱས་ན་མི་རྟག་པས་ཁྱབ་པ་གང་རུང་ལ་མི་བསླུ་བ་ཡང་ཡིན། རང་གི་རྒྱ་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་ཞིང་། བྱས་པའི་རྟགས་ཀྱི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་རྒྱུ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་རིག་པ་དེ། བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཀྱི་མཚན་ཉིད། ཞེས་གསུངས།

{{#arraymap:རྟགས་འཛིན་སེམས་

|; |@@@ | | }}

རྟགས་འཛིན་སེམས་ (4)
Part of speech མིང་ཚིག
Definition རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་ལས། རང་འབྲས་རྗེས་དཔག་གི་རྒྱུར་གྱུར་པའི་རྟགས་ཀྱི་ཚུལ་འཇལ་བའི་བློ། རྟགས་འཛིན་སེམས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཕྱོགས་ཆོས་འཇལ་བའི་རྟགས་འཛིན་སེམས་དང། ཁྱབ་པ་འཇལ་བའི་རྟགས་འཛིན་སེམས་གཉིས། དང་པོ་ལ། ཕྱོགས་ཆོས་འཇལ་བའི་ཚད་མ་དང་དཔྱད་ཤེས་གཉིས་ལས། དང་པོ་ལ། ཕྱོགས་ཆོས་འཇལ་བའི་མངོན་སུམ་དང་རྗེས་དཔག་གཉིས། དཔེར་བརྗོད་རིམ་བཞིན་དུ། དུ་ལྡན་ལ་ལ་དུ་བ་མཐོང་བའི་མངོན་སུམ་ལྟ་བུ་དང། སྒྲ་བྱས་པར་རྟོགས་པའི་རྗེས་དཔག་ལྟ་བུའོ། །ཕྱོགས་ཆོས་འཇལ་བའི་དཔྱད་ཤེས་ལ་དབྱེ་ན། ཕྱོགས་ཆོས་འཇལ་བའི་ཚད་མ་གཉིས་ཀྱི་རྗེས་སུ་སྐྱེས་པའི་དཔྱད་ཤེས་གཉིས་སོ། །ཁྱབ་པ་འཇལ་བའི་རྟགས་འཛིན་སེམས་ལ་དབྱེ་ན། ཁྱབ་པ་འཇལ་བའི་ཚད་མ་དང་དཔྱད་ཤེས་གཉིས། དང་པོ་ཁྱབ་པ་འཇལ་བའི་ཚད་མ་ལ་ཁྱབ་པ་འཇལ་བའི་མངོན་སུམ་དང་རྗེས་དཔག་གཉིས། དཔེར་བརྗོད་རིམ་བཞིན། ཚང་མང་གི་སྟེང་དུ་མེ་ལས་དུ་བ་སྐྱེས་པར་མཐོང་བའི་མངོན་སུམ་ལྟ་བུ་དང་། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། རྟག་པ་བྱས་སྟོང་དུ་རྟོགས་པའི་རྗེས་དཔག་ལྟ་བུའོ། །ཁྱབ་པ་འཇལ་བའི་དཔྱད་ཤེས་ལ་དབྱེ་ན། ཁྱབ་པ་འཇལ་བའི་མངོན་རྗེས་གཉིས་ཀྱི་རྗེས་སུ་སྐྱེས་པའི་དཔྱད་ཤེས་གཉིས་ལྟ་བུའོ། །ཞེས་གསུངས་སོ། །

{{#arraymap:རྟགས་འཛིན་སེམས་

|; |@@@ | | }}