79028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་ཡང་དག་ (1)
Part of speech མིང་ཚིག
Definition ཕྱོགས་ཆོས་གྲུབ་ཅིང་འབྲེལ་བ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཞེས་བྱ་བ། ཡོད་ན་ཡོད་པའི་རྗེས་འགྲོ་དང་། ལྡོག་ན་ལྡོག་པའི་ལྡོག་པ་ཚང་ན་འབྲེལ་བ་གྲུབ་པས་ཚུལ་གསུམ་གྱི་དགོངས་པ་དེ་ཡིན་ནོ། །རྟགས་ཡང་དག་ལ་ཚུལ་གསུམ་ངེས་དགོས་པ་ནི། ངེས་པ་རྟགས་ཡིན་གོ་བྱེད་ཕྱིར། །ཞེས་བྱ་བ། ཕྱི་རོལ་གྱི་དོན་ལ་དགག་སྒྲུབ་མི་བྱེད་ཀྱི་གཞན་སེལ་གྱི་སྒོ་ནས་བྱེད་ལ་སེལ་བའི་ངོར་ཚུལ་གསུམ་ཙམ་གྲུབ་པ་ལྷག་ལྡན་ལའང་ཡོད་ཅིང་གོ་བྱེད་དུ་འགྲོ་བ་ལ་མ་ངེས་པ་མི་སྲིད་དེ་ངེས་པ་མེད་ན་འབྲེལ་བ་མི་འགྲུབ་པའི་ཕྱིར་རོ། །ཕྱོགས་ཀྱི་གླང་པོས་འབྲེལ་བ་ལ་དགོངས་ནས་ངེས་པ་གསུངས་པ་ཡིན་ནོ། །དེས་ན་འདི་དབང་ཤེས་ཀྱི་སྒྲ་ཡུལ་འཛིན་ནུས་ལ་མི་ཟེར་བར་འཛིན་པ་ལ་ཟེར་བ་ལྟར། རྟགས་ཀྱི་སྒྲའང་གོ་ནུས་ལ་མི་ཟེར་བར་གོ་བྱེད་ཉིད་ལ་གསུངས་པ་ཉིད་ཡིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། རྟགས་ཡང་དག་གི་མཚན་ཉིད་ནི། ཚུལ་གསུམ་ཚང་བའི་གཏན་ཚིགས་དང་། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དང་། ཕྱོགས་ཆོས་དེ་ཆས་ཁྱབ་པའི་གཏན་ཚིགས་དང་། ཕྱོགས་ཆོས་གྲུབ་ཅིང་འབྲེལ་བ་ངེས་པའི་གཏན་ཚིགས་རྣམས་གང་མཚན་ཉིད་དུ་བཞག་ཀྱང་ཁྱད་པར་མེད་དོ། །དབྱེ་བ་ནི། མཚན་ཉིད་དེ་དང་ལྡན་པ་ཡི། །གཏན་ཚིགས་དབྱེ་སྒོ་དུ་མར་འགྱུར། །ཆོས་ཀྱི་གྲགས་པས་སྦྱོར་བ་ཡི། །སྒོ་ནས་གསུམ་དུ་ངེས་པར་མཛད། །ཅེས་དངོས་པོའི་སྒོ་ནས་དབྱེ་སྒོ་ལྔ། སྦྱོར་བའི་སྒོ་ནས་གཅིག་སྟེ་དྲུག་ཏུ་མཛད་ཀྱང་། གཏན་ཚིགས་ཀྱི་རིགས་མ་ལུས་པར་བསྡུས་པའི་དབང་དུ་བྱས་ན་དབྱེ་སྒོ་བཅུ་སྟེ། སྦྱོར་བའི་སྒོ་ནས། འཇུག་ཚུལ་གྱི་སྒོ་ནས། སྒྲུབ་བྱེད་ཀྱི་སྒོ་ནས། བསྒྲུབ་ཚུལ་གྱི་སྒོ་ནས། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས། འབྲེལ་པའི་སྒོ་ནས། རྟགས་སུ་འགོད་བྱའི་སྒོ་ནས། འགོད་ཚུལ་གྱི་སྒོ་ནས། རྒོལ་བའི་སྒོ་ནས། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། སྦྱོར་བའི་སྒོ་ནས་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་འདུས་ཏེ། དགག་རྟགས་ཐམས་ཅད་མཐར་སྣང་རུང་མ་དམིགས་པའི་གཏན་ཚིགས་སུ་འདུས་པས་དཔེ་གཅིག་གི་སྟེང་དུ་གཏན་ལ་འབེབས་ནུས། སྒྲུབ་རྟགས་གཉིས་དཔེ་སོ་སོའི་སྟེང་དུ་གཏན་ལ་འབེབས་དགོས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།

{{#arraymap:རྟགས་ཡང་དག་

|; |@@@ | | }}

རྟགས་ཡང་དག་ (2)
Part of speech མིང་ཚིག
Definition ཚུལ་གསུམ་ཡིན་པ། དབྱེ་བ་སོགས་དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་གཟིགས།

{{#arraymap:རྟགས་ཡང་དག་

|; |@@@ | | }}

རྟགས་ཡང་དག་ (3)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ཚང་བ། ཞེས་དང་། ཡང་ན་རྟགས་ཡང་དག་གི་མཚན་ཉིད། བསྒྲུབ་བྱ་རང་ཉིད་ཀྱིས་ཚད་མས་མ་གྲུབ་པའི་གང་ཟག་གིས་ཚུལ་གསུམ་ཚད་མས་གྲུབ་པའི་རྟགས། ཞེས་དང་། རྟགས་ཡང་དག་ལ་གྲངས་ངེས་ཀྱི་སྒོ་ནས་དབྱེ་ན། འབྲས་རང་མ་དམིགས་པའི་རྟགས་གསུམ། ཞེས་དང་། རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། སྒྲུབ་རྟགས་ཡང་དག་དང༌། དགག་རྟགས་ཡང་དག་གཉིས། ཞེས་དང་། རྟགས་ཡང་དག་ལ་དགོས་པའི་སྒོ་ནས་དབྱེ་ན། རང་དོན་གྱི་རྟགས་ཡང་དག་དང༌། གཞན་དོན་གྱི་རྟགས་ཡང་དག་གཉིས། ཞེས་དང་། རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གཉིས། ཞེས་དང་། ཡང་ན་རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་གཉིས། ཞེས་དང་། རྟགས་ཡང་དག་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་དང༌། རྣམ་པ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས། ཞེས་དང་། རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ན་(དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག ། གྲགས་པའི་རྟགས་ཡང་དག ། ཡིད་ཆེས་ཀྱི་རྟགས་ཡང་དག་དང་)གསུམ། ཞེས་གསུངས། རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་ན་གཞི་མ་གྲུབ་དགོས་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པ་དང་། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་ལྟ་བུ་ནི་རྟགས་ཡང་དག་གི་བསལ་བྱ་ཡིན་པའི་ཕྱིར་རོ། །ཞེས་གསུངས། རྟགས་ཡང་དག་གི་བསྒྲུབ་བྱའི་མཚན་ཉིད། རྟགས་ཡང་དག་ལ་བརྟེན་ནས་གཟོད་གོ་བར་བྱ་བ། དབྱེ་ན། རང་དོན་གྱི་རྟགས་ཡང་དག་གི་བསྒྲུབ་བྱ་དང༌། གཞན་དོན་གྱི་རྟགས་ཡང་དག་གི་བསྒྲུབ་བྱ་གཉིས། ཞེས་གསུངས།

{{#arraymap:རྟགས་ཡང་དག་

|; |@@@ | | }}

རྟགས་ཡང་དག་ (4)
Part of speech མིང་ཚིག
Definition རྟགས་ཡང་དག་ཅེས་པ་ནི་རྒྱུ་མཚན་ཡང་དག་ཅེས་པའི་དོན་དང། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་གང་ཞེ་ན། ཕྱོགས་ཆོས། རྗེས་ཁྱབ། ལྡོག་ཁྱབ་དང་གསུམ། ཞེས་གསུངས། །གཞན་ཡང་། རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས། ཞེས་གསུངས། དེེ་ངོ་བོའི་སྒོ་ནས་དབྱེ་བ། རྟགས་ཡང་དག་ལ་སྒྲུབ་ཚུལ་དང་བསྒྲུབ་བྱ་སོགས་ཆ་ཤས་མང་པོ་ཡོད་ཀྱང་དེ་དག་གི་སྒོ་ནས་མི་ཕྱེ་བར་ངོ་བོའམ་རང་བཞིན་གྱི་སྒོ་ནས་དབྱེ་བ་བྱེད་པ་ལ་ངོ་བོའི་སྒོ་ནས་དབྱེ་བ་ཞེས་བྱ་སྟེ། དཔེར་ན་ཤེས་བྱ་ལ་རྟག་མི་རྟག་གཉིས་ཀྱི་དབྱེ་བ་ལྟར་འདི་ལའང་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་དུ་དབྱེ་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། གསུམ་པ་རྟགས་ཡང་དག་གི་དབྱེ་བཤད་པ་ལ། ངོ་བོའི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ། བསྒྲུབ་བྱའི་སྒོ་ནས་དབྱེ་བ། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ། རྒོལ་བའི་སྒོ་ནས་དབྱེ་བ་དང་དྲུག་ཡོད།

{{#arraymap:རྟགས་ཡང་དག་

|; |@@@ | | }}