79031
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ༡. ངོ་བོའི་སྒོ་ནས་དབྱེ་བ། ༢. བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ། ༣. སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ། ༤. བསྒྲུབ་བྱའི་སྒོ་ནས་དབྱེ་བ། ༥. མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ། ༦. རྒོལ་བའི་སྒོ་ནས་དབྱེ་བ་བཅས་སོ། །འོན་ཀྱང་རྟགས་ཡང་དག་ཐམས་ཅད་ངོ་བོའི་སྒོ་ནས་དབྱེ་བ་གསུམ་དུ་འདུ་སྟེ། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རྣམ་གསུམ་ཉིད་ཅེས་པའི་ངེས་བཟུང་གི་སྒྲུབ་བྱེད་དུ་འགྱུར་ཏེ། རྟགས་ཡང་དག་ཡིན་ན། འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་པོ་གང་རུང་ཡིན་དགོས་པར་བསྟན་པའི་ཕྱིར་ཏེ། དེ་གསུམ་གང་རུང་མ་ཡིན་པའི་གཏན་ཚིགས་ཡིན་ན། གཏན་ལྟར་སྣང་ཡིན་དགོས་པར་བསྟན་པའི་ཕྱིར་ཅེས་གསུང་། རྣམ་འགྲེལ་ལས། གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་གསུངས་པའི་ཕྱིར། |
Domain | ཚད་མ། |
{{#arraymap:རྟགས་ཡང་དག་གི་དབྱེ་བ་དྲུག་
|; |@@@ | | }}