79042
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། རྟགས་གང་ཚུལ་གསུམ་མ་གྲུབ་པ། དབྱེ་བ་ལ། མ་གྲུབ་པ་དང་། མ་ངེས་པ་དང་། འགལ་བའོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། མཚན་ཉིད་ནི། རྟགས་སུ་བཀོད་པ་གང་ཞིག ཚུལ་གསུམ་རྒོལ་བ་གང་གི་ཚད་མས་མ་གྲུབ་པའོ། །དབྱེ་བ་ལ། མ་གྲུབ་པ་དང་། མ་ངེས་པ། འགལ་བ་གསུམ་མོ། །ཡང་ན། མཚན་ཉིད་ལ། ཚུལ་གསུམ་ཚད་མའི་སྟོབས་ཀྱིས་མ་ངེས་ཤིང་རྟགས་སུ་བཀོད་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། ། |
Domain | ཚད་མ། |
{{#arraymap:རྟགས་ལྟར་སྣང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྟགས་ལྟར་སྣང་གི་མཚན་ཉིད། རྟགས་སུ་བཀོད་པ་གང་ཞིག ། ཚུལ་གསུམ་མ་ཚང་བ། ཡང་ན་དེའི་མཚན་ཉིད། བསྒྲུབ་བྱ་རང་གིས་ཚད་མས་མ་གྲུབ་པའི་གང་ཟག་གིས་ཚུལ་གསུམ་ཚད་མས་འགྲུབ་མི་སྲིད་པའི་རྟགས། དབྱེ་ན་(འགལ་བའི་རྟགས། མ་ངེས་པའི་རྟགས། མ་གྲུབ་པའི་རྟགས་)གསུམ། ཞེས་གསུངས། |
{{#arraymap:རྟགས་ལྟར་སྣང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྟགས་ཡང་དག་གི་ལྡོག་ཟླ་ཞིག་སྟེ། གཏན་ཚིགས་ལྟར་སྣང་དང། དེ་སྒྲུབ་གཏན་ཚིགས་ལྟར་སྣང་བཅས་མིང་གི་གྲངས། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཚུལ་གསུམ་མ་ཡིན་པ་རྟགས་ལྟར་སྣང་གི་མཚན་ཉིད། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པའི་ཕྱིར། ཅེས་དང་། གཏན་ཚིགས་གསུམ་པོ་དེ་ལས་གཞན་པ་དག་ནི་གཏན་ཚིགས་ལྟར་སྣང་བ་དག་ཡིན་ནོ། །ཞེས་གསུངས། རྣམ་འགྲེལ་ལས། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་སོགས་གསུངས། |
{{#arraymap:རྟགས་ལྟར་སྣང་
|; |@@@ | | }}