79045

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་སུ་འགོད་ཚུལ་གྱི་སྒོ་ནས་དབྱེ་བའི་རྟགས་ (1)
Part of speech མིང་ཚིག
Definition འགོད་ཚུལ་གྱི་སྒོ་ནས། འགོད་ཚུལ་ཡིན་འགོད་དང་། ཡོད་འགོད་གཉིས། དང་པོ་ལ། བསྒྲུབ་ཚུལ་ཡིན་བསྒྲུབ་དང་། ཡོད་བསྒྲུབ་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། ཕྱི་མ་ནི། བར་སྣང་གི་དུ་བ་སྔོ་ལིང་པོ་འདི་ཆོས་ཅན། རང་རྒྱུ་མེ་སྔོན་དུ་སོང་སྟེ། དུ་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལ། བསྒྲུལ་ཚུལ་ཡིན་བསྒྲུབ་དང་། ཡོད་བསྒྲུབ་གཉིས། དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། ཡོད་པའི་ཕྱིར་ཞེས་དང་། ཕྱི་མ་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།

{{#arraymap:རྟགས་སུ་འགོད་ཚུལ་གྱི་སྒོ་ནས་དབྱེ་བའི་རྟགས་

|; |@@@ | | }}