79046

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟགས་སྐྱོན་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྟགས་སྐྱོན་གྱི་མཚན་ཉིད། དེ་སྒྲུབ་ཀྱི་རྟགས་སུ་བཀོད་ལེའོ་དེ་ཁོ་ན་ལ་ལྡན་ཞིང་། རྟགས་སུ་བཀོད་ལེ་འོ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་རྟགས་གང་ཞིག ། བསྒྲུབ་བྱ་སྒྲུབ་ནུས་དང་ཚུལ་གསུམ་གང་རུང་གི་དངོས་ཀྱི་ལྡོག་ཕྱོགས་གང་རུང་ཡིན་པ། དབྱེ་ན། མ་གྲུབ་པའི་རྟགས་ཀྱི་སྐྱོན། འགལ་རྟགས་ཀྱི་སྐྱོན། མ་ངེས་པའི་རྟགས་ཀྱི་སྐྱོན་དང་གསུམ། ཞེས་གསུངས།
Domain ཚད་མ།

{{#arraymap:རྟགས་སྐྱོན་

|; |@@@ | | }}

རྟགས་སྐྱོན་ (2)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་རྟགས་སམ་རྒྱུ་མཚན་དུ་བཀོད་ཀྱང་ཡང་དག་ཏུ་མ་སོང་བའི་རྟགས་དེ་ལ་རྟགས་སྐྱོན་ཞེས་བྱ་སྟེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་གྱི་འཇོག་བྱེད། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་གྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མ་ཡིན་པར་དམིགས་པ་དེ་དེ་ཡིན། ཞེས་གསུངས་པའི་ཕྱིར།

{{#arraymap:རྟགས་སྐྱོན་

|; |@@@ | | }}