7906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནམ་ལོའི་རྭ་བསེ་རོ་ཟློས་ (1)
Part of speech མིང་ཚིག
Definition རྭ་བསེ་རོ་ཟློས་ཀྱི་ནང་གསེས་ཟློས་པ་ཡོད་པའི་གནམ་ལོ་སྟེ། གཤིན་པོའི་རང་ལོ་སྟག་ཡིན་ན། འཆི་འཕོ་སྐབས་ཀྱི་གནམ་ལོ་ནི་བྱའམ་སྤྲེལ་ལྟ་བུ་སྲོག་གི་དགྲ་ལོ་དང་། ལུག་ལྟ་བུ་སྲོག་གི་དུར་ལོ། གླང་ལྟ་བུ་སྲོག་གི་དུར་ཆུང་། ཕག་ལྟ་བུ་ཡར་གྱི་བཞི་གཤེད། སྦྲུལ་ལྟ་བུ་མར་གྱི་བཞི་གཤེད། སྤྲེལ་ལྟ་བུ་བདུན་ཟུར། སྟག་ལྟ་བུ་རང་ཀེག རྟའམ་ཁྱི་ལྟ་བུ་མཐུན་གསུམ། གླང་ལྟ་བུ་ལོ་དཀར་ཆེ་བ། ལུག་ལྟ་བུ་ལོ་དཀར་ཆུང་བ། མཚེ་མ་དྲུག་གི་སྡེ་ཚན་གང་རུང་ཞིག་ཏུ་གཤིན་ལོ་དང་འདོམ་པ། ངན་ཀླུང་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་པ་བཅས་ལ་ཟེར་ཞིང་། དེ་དག་ལས་གང་གི་སྟེང་དུ་ཤི་ཡང་གནམ་ལོའི་རྭ་བསེའི་བཏང་གཅོད་རྡེའུ་ནག་ཅིང་རོ་ཟློས་འབྱུང་བར་བཤད།
Domain རྩིས་རིག

{{#arraymap:གནམ་ལོའི་རྭ་བསེ་རོ་ཟློས་

|; |@@@ | | }}