From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྟུལ་ (1)
| Part of speech
|
བྱ་ཚིག
|
| Definition
|
བཅའ་དངོས་བསྡུས་པའི་དོན་ལ་འཇུག་སྟེ། འདུལ་བ་ལུང་རྣམ་འབྱེད་ལས། གདིང་བ་རྙིང་བ་དེ་དག་བརྟུལ་ཅིང་སྤྲུགས་ནས་བཏིང་ཞིང་བསྐམས་ཏེ་རྩིག་པ་ལ་མི་རེག་པར་མཛད། ཅེས་གསུངས་པ་སྟེ།
|
| Type
|
བརྡ་རྙིང་།
|
| Transitive
|
བྱ་བྱེད་ཐ་དད་པ།
|
| Future
|
[བརྟུལ།, ཆར་འབབ་ཉེན་ཡོད་པས་གོས་རྣམས་བརྟུལ་དགོས།]
|
| Present
|
[རྟུལ།, གོས་རྒྱན་རྣམས་རྟུལ་གྱིན་པའི་སྐབས།]
|
| Past
|
[བརྟུལ།, གོས་བརྟུལ་ནས་སྒམ་ལ་ཉར།]
|
| Imperative
|
[རྟུལ།, འཐོར་བ་རྟུལ་ཅིག་ལྟ་བུ།]
|
རྟུལ་ (2)
| Part of speech
|
བྱ་ཚིག
|
| Definition
|
འབད་པ་ལ་འཇུག་སྟེ། བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད་ལས། རྩོལ་དང་བརྟུལ་ནི་འབད་པའི་དོན། ཞེས་གསུངས།
|
| Future
|
[བརྟུལ།, རྒྱལ་ཁ་ལེན་པའི་ཆེད་དུ་བརྟུལ་བར་བྱ།]
|
| Present
|
[རྟུལ།, བྱ་བ་རླབས་ཆེན་ལ་རྟུལ་བཞིན་ཡོད།]
|
| Past
|
[བརྟུལ།, ནན་ཏན་གྱིས་བརྟུལ་ནས་གྲུབ་འབྲས་བླངས།]
|
| Imperative
|
[རྟུལ།, དགོས་པའི་དོན་ལ་རྟུལ་ཅིག་ལྟ་བུ།]
|
རྟུལ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
རྣོན་པོ་དང་རྩུབ་མོའི་ལྡོག་ཟླ་སྟེ།
|
| Example
|
དབང་པོ་རྟུལ་ན་དོན་མི་གོ ། མཚོན་ཆ་རྟུལ་ན་གོ་མི་ཆོད། །ཅེས་པ་ལྟ་བུ།
|
| Antonyms
|
རྣོ།
|