79103
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༢ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འགྲོ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༣ དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་རིམ་གྲོ་བྱ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༤ དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༥ སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༦ སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་འགོད་པའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༧ སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པ་བསལ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༨ སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཉེ་བར་སྒྲུབ་པའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༩ སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྤྱོད་པའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༡༠ ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སེམས་ཅན་གྱི་དོན་དུ་སྤྱོད་པ་སྤྱད་པས་ཡོངས་སུ་མི་སྐྱོ་བའི་རྟུལ་བས་བརྩོན་འགྲུས་བརྩམས་པར་བྱ་བ། ༡༡ སྐད་ཅིག་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ། ༡༢ སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྟུལ་བ་བཅུ་གཉིས་ཀྱིས་བརྩོན་འགྲུས་བརྩམ་པར་བྱ་བ་བཅུ་གཉིས་
|; |@@@ | | }}