79131

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་གྱི་དམིགས་བསལ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གསོོ་སྦྱོང་དེ་དགེ་སློང་རྣམ་དག་གིས་བྱ་དགོས་པ་ཡིན་ཀྱང་དེ་ལྟར་མེད་ན་བསླབ་བྱིན་གྱིས་བྱེད་ཀྱང་ཉེས་པ་མེད་པ་ནི་དེའི་དམིགས་བསལ་ཡིན་པ་ལྟ་བུའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་རྟེན་གྱི་དམིགས་བསལ་ཡོད་དེ། བསླབ་བྱིན་དང་དགེ་ཚུལ་གྱིས་ཀྱང་གསོ་སྦྱོང་བྱ་རུང་བར་གསུངས་པ་དང་། མདོར། མགྲོན་པོ་མི་སྡོད་ན་འགྲོ་བཞིན་དུ་བྱའོ་ཞེས་འགྲོ་བཞིན་དུ་ཡང་བྱ་རུང་བར་གསུངས་པའི་ཕྱིར། ཁོ་ན་རེ། ལུང་ལས་དགེ་ཚུལ་གྱིས་གསོ་སྦྱོང་དངོས་སུ་མ་གསུངས་པས་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། དགག་དབྱེ་དངོས་སུ་གསུངས་པས་གསོ་སྦྱོང་དོན་གྱིས་གྲུབ་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྟེན་གྱི་དམིགས་བསལ་

|; |@@@ | | }}