79161
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ སྔོན་གྱི་དུམ་བུ་ནི། དེ་མ་ཐག་སྐྱེ་བ་སྔོན་མ་དང་འབྲེལ་བའི་ཡན་ལག་གཉིས་ཏེ། མ་རིག་པའི་ཡན་ལག འདུ་བྱེད་ཀྱི་ཡན་ལག་གོ ། ༢ བར་གྱི་དུམ་བུ་ནི། སྐྱེ་བ་ལྟ་བ་དང་འབྲེལ་བའི་ཡན་ལག་བརྒྱད་དེ། རྣམ་པར་ཤེས་པའི་ཡན་ལག མིང་དང་གཟུགས་ཀྱི་ཡན་ལག སྐྱེ་མཆེད་དྲུག་གི་ཡན་ལག རེག་པའི་ཡན་ལག ཚོར་བའི་ཡན་ལག སྲེད་པའི་ཡན་ལག ཉེ་བར་ལེན་པའི་ཡན་ལག སྲིད་པའི་ཡན་ལག་གོ ། ༣ མཐའ་མའི་དུམ་བུ་ནི། མ་འོངས་པའི་སྐྱེ་བ་དང་འབྲེལ་བའི་ཡན་ལག་གཉིས་ཏེ། སྐྱེ་བའི་ཡན་ལག རྒ་ཤིའི་ཡན་ལག་གོ ། |
Domain | ཆོས་ལུགས། |
{{#arraymap:རྟེན་ཅིང་འབྲེལ་བར་འབྱུང་བའི་དུམ་བུ་གསུམ་
|; |@@@ | | }}