79163
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཤེས་རབ་སྒྲོན་མེ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ༡ ལུགས་སུ་འབྱུང་བ་ཉིད་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་སོགས་པ་ལུགས་ལས་འབྱུང་བོ། ༢ ལུགས་ལས་བཟློག་པ་ཉིད་ནི། མ་རིག་པ་འགགས་པས་འདུ་བྱེད་འགག འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་པ་ལ་སོགས་པ་ལུགས་ལས་བཟློག་པ་ཉིད་དོ། །༣ རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ནི། མ་རིག་པ་ནི་རྒྱུའི་དངོས་པོ་ཉིད་ཡིན་ལ། འདུ་བྱེད་ལ་སོགས་པ་ཡན་ལག་ལྷག་མ་བཅུ་གཅིག་པོ་དག་ནི་འབྲས་བུའི་དངོས་པོ་ཉིད་ཡིན་ནོ། །ཡང་ན་མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་རྒྱུའི་དངོས་པོ་ཉིད་ཡིན་ལ། འདུ་བྱེད་རྣམས་ནི་མ་རིག་པའི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང༌། འདུ་བྱེད་རྣམས་ནི་རྣམ་པར་ཤེས་པའི་རྒྱུའི་དངོས་པོ་ཉིད་ཡིན་ལ་རྣམ་པར་ཤེས་པ་ནི་འདུ་བྱེད་རྣམས་ཀྱི་འབྲས་བུའི་དངོས་པོ་ཡིན་པ་ལྟ་བུའོ། ། |
Domain | ཆོས་ལུགས། |
{{#arraymap:རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་གསུམ་
|; |@@@ | | }}