79164

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ་ལས་བྱུང་བ་སྟེ། ༡ གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ནི། འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ནི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། ཡོད་པ་ཙམ་རྐྱེན་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །༢ མི་རྟག་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ནི། འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་མི་རྟག་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། སྐྱེས་པ་རྐྱེན་ཉིད་དུ་བསྟན་པའི་ཕྱིར་རོ། །༣ ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ནི། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པས་ནི་ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། སྔ་ཕྱིའི་ཡན་ལག་ངེས་པས་རྐྱེན་ཉིད་དུ་བསྟན་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་རྣམ་པ་གསུམ་

|; |@@@ | | }}