79180

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་བཅས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཡུལ་གང་ཞིག་ཤེས་པ་གང་གི་ཡུལ་དུ་ངེས་ལ་ཤེས་པ་དེ་སྐྱེས་པའང་སྐྱེ་བར་འགྱུར་བའི་ཡུལ་དེ་ནི་རྟེན་བཅས་སོ། །གང་ཞིག་རྣམ་པར་ཤེས་པ་གང་གི་ཡུལ་དུ་ངེས་ལ། གལ་ཏེ་དེ་ལ་རྣམ་པར་ཤེས་པ་དེ་སྐྱེ་བའམ། སྐྱེ་བའི་ཆོས་ཅན་གྱི་ཡུལ་དེ་ནི་བརྟེན་པ་དང་བཅས་པ་ཞེས་བྱ་ལ། གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་མ་སྐྱེས་པའམ་སྐྱེ་བར་མི་འགྱུར་བའི་ཆོས་ཀྱི་ཁམས་གང་ཡིན་པ་དེ་ནི་འགའ་ཡང་མེད་དེ། འདི་ལྟར་འཕགས་པའི་གང་ཟག་ཐམས་ཅད་ལ་ནི་གདོན་མི་ཟ་བ་ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་སེམས་འདི་སྐྱེའོ། །དེའི་དམིགས་པ་ཡང་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བ་མ་གཏོགས་པ་ཆོས་ཐམས་ཅད་ཡིན་ནོ། །སེམས་ཀྱི་སྐད་ཅིག་མ་དེ་ཡང་སེམས་ཀྱི་སྐད་ཅིག་མ་གཞན་གྱི་དམིགས་པ་ཡིན་པས་སྐད་ཅིག་མ་གཉིས་ཀྱི་དམིགས་པར་ནི་ཆོས་ཐམས་ཅད་འགྱུར་ཏེ། དེ་བས་ན་ཆོས་ཞེས་བྱ་བའི་ཁམས་ནི་རྟག་ཏུ་བརྟེན་པ་དང་བཅས་པའོ། །
Domain ཆོས་ལུགས།

{{#arraymap:རྟེན་བཅས་

|; |@@@ | | }}