79182

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟེན་བཅས་དང་དེ་མཚུངས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྟེན་བཅས་དང་དེ་མཚུངས་ནི། ཆོས་ཀྱི་ཁམས་ཞེས་བྱ་བ་ནི་གཅིག་ཏུ་བརྟེན་པ་དང་བཅས་པ་ཡིན་ཏེ། འཕགས་པ་ཐམས་ཅད་ཆོས་ཐམས་ཅད་བདག་མེད་དོ་སྙམ་དུ་ངེས་པར་ཡིད་ལ་བྱེད་པས་སོ། །ཁམས་ལྷག་མ་བཅུ་བདུན་ནི་དེ་མཚུངས་དང། ཀྱང་གི་རྟེན་བཅས་ཏེ་དེ་གཉིས་ཀ་ཡིན་ནོ། །ཞེས་དེ་མཚུངས་ཞེས་པ་ཅི་ཞེ་ན། ཁམས་གང་ཞིག་རང་གི་ལས་མི་བྱེད་པ་སྟེ། དེས་ན་གང་རང་གི་ལས་བྱེད་པ་དེ་རྟེན་བཅས་སུ་བཤད་དོ། །དེ་ལ་ནང་གི་ཁམས་དྲུག་གི་ལས་ནི་ཡུལ་གྱི་ཡུལ་ཅན་དང་རྣམ་ཤེས་ཀྱི་རྟེན་བྱེད་པ་དང། ཡུལ་གྱི་ཁམས་དྲུག་གི་ལས་ནི་དབང་པོའི་ཡུལ་དང། རྣམ་ཤེས་ཀྱི་དམིགས་ཡུལ་བྱེད་པ་དང། རྣམ་ཤེས་ཀྱི་ཁམས་དྲུག་གི་ལས་ནི་དབང་པོའི་བརྟེན་པ་དང། ཡུལ་གྱི་ཡུལ་ཅན་བྱེད་པ་ཡིན་པས་ལས་དེ་དག་བྱེད་པ་དང་མི་བྱེད་པ་ནི་རྟེན་བཅས་དང་དེ་མཚུངས་ཡིན་ཞིང། མི་སྐྱེ་བའི་ཆོས་དེ་མཚུངས་དང། སྐྱེས་པ་དང་སྐྱེ་འགྱུར་རྟེན་བཅས་སོ། །གོང་མ་བ་ནི་དབང་པོ་དང་པོ་ལྔ་ཁོ་ན་ལ་རྟེན་བཅས་དང། དེ་མཚུངས་གཉིས་གཉིས་བྱེད་ཀྱི་གཞན་ལ་མ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། རྟེན་བཅས་དེ་མཚུངས་ཀྱི་དོན་གང་ཞེ་ན། མིག་གང་གིས་གཟུགས་བལྟས་པ་དང་ལྟ་བ་དང་ལྟ་བར་འགྱུར་བ་ནི་རྟེན་བཅས་ཡིན་པ་ནས་ལུས་ཀྱི་བར་དུའང་དེ་བཞིན་དུ་ཤེས་པར་བྱ་སྟེ། དེ་དང་མཚུངས་པ་ནི་མིག་གང་གིས་གཟུགས་མ་མཐོང་བར་འགགས་པ་དང། འགག་པ་དང། འགག་པར་འགྱུར་བ་དང་མི་སྐྱེ་བའི་ཆོས་ཅན་དང་བཞི་ཡིན་ནོ་ཞེས་ཁ་ཆེ་བ་དག་ཟེར་ལ། ནུབ་ཕྱོགས་པ་ནི་མི་སྐྱེ་བའི་ཆོས་ཅན་ལ་རྣམ་ཤེས་དང་ལྡན་པ་དང་མི་ལྡན་པ་གཉིས་ཡོད་པས་ལྔར་འགྱུར་རོ་ཞེས་ཟེར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་ཁམས་ལྔ་ལའང་སྦྱར་བར་བྱའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། རྟེན་བཅས་དང་དེ་མཚུངས་ཀྱི་ཁམས་ཀྱི་མཚན་ཉིད་ནི། ཁམས་གང་ཞིག་རང་གི་བྱེད་ལས་བྱེད་པ་དང། ཁམས་གང་ཞིག་རང་གི་བྱེད་ལས་མི་བྱེད་པ་ལ་འཇོག་གོ ། མཚན་གཞི་ནི། གཟུགས་སོགས་རང་རང་གི་ཡུལ་ཅན་གྱི་ཡུལ་བྱེད་པ་དང། རང་རང་གི་བརྟེན་པ་མིག་ཤེས་སོགས་རྣམ་པར་ཤེས་པའི་རྟེན་བྱེད་པའི་མིག་གི་ཁམས་སོགས་དྲུག་ནི་བརྟེན་བཅས་དང། དེ་དག་མི་བྱེད་པ་དྲུག་ནི་དེ་མཚུངས་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྟེན་བཅས་དང་དེ་མཚུངས་

|; |@@@ | | }}