From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྟེན་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
དགེ་སློང་དག ཁྱེད་ཀྱི་རྟེན་ནི། ཆོས་ཉིད་ཡིན་གྱི་གང་ཟག་མ་ཡིན་ནོ། ། ༢ དགེ་སློང་དག ཁྱེད་ཀྱི་རྟེན་ནི། ངེས་པའི་དོན་ཡིན་གྱི། དྲང་བའི་དོན་མ་ཡིན་ནོ། ། ༣ དགེ་སློང་དག ཁྱེད་ཀྱི་རྟེན་ནི། ཡེ་ཤེས་ཡིན་གྱི། རྣམ་པར་ཤེས་པ་ཡིན་ནོ། ། ༤ དགེ་སློང་དག ཁྱེད་ཀྱི་རྟེན་ནི། དོན་ཡིན་གྱི། ཡི་གེ་མ་ཡིན་ནོ། །བདག་ཅག་ལ་ནི། རྟེན་བཞི་པོ་འདི་དག་ཚད་མ་ཡིན་གྱི། གང་ཟག་བཞི་པོ་ཚད་མ་མ་ཡིན་ནོ། །
|
| Domain
|
ཆོས་ལུགས།
|
རྟེན་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
གོས་ཕྱག་དར་ཁྲོད་ལ་བརྟེན་པ། ཟས་བསོད་སྙོམས་ལ་བརྟེན་པ། གནས་མལ་ཤིང་དྲུང་ལ་བརྟེན་པ། སྨན་བཀུས་ཏེ་བོར་བ་ལ་བརྟེན་པའོ། །
|